
ཟླ11པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པར་ཞུགས་ཚར་རྗེས་ཆེད་བཏང་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་ལོག
ཡུའེ་ཧན་ནེ་སི་པའོ་དང་ཁ་འབྲལ་སྐབས། ལྷོ་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་མའོ་མཚོ་ཨ་ལའེ་ཏི་དང་ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཕུང་གིས་གནམ་ཐང་དུ་སྐྱེལ་མ་ཞུས།