ལི་ཆང་གིས་འཇར་མན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཟླ11པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཡུའེ་ཧན་ནེ་སི་པའོ་རུ་འཇར་མན་གྱི་ཙུང་ལི་མའོ་ཚི་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཡུའེ་ཧན་ནེ་སི་པའོ་རུ་འཇར་མན་གྱི་ཙུང་ལི་མའོ་ཚི་ལ་མཇལ་འཕྲད་གནང་།

ལི་ཆང་གིས་ད་ལོའི་ཟླ5པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་གླེང་མོལ་མཛད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་གྲོགས་པོའི་ངེས་གནས་རྒྱུན་འཁྱོངས་བྱ་རྒྱུ་དང་། ཀྲུང་གོ་དང་མཉམ་ལས་བྱ་རྒྱུའི་ཐད་རམ་འདེགས་གནང་རོགས་ཞེས་གསུངས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་ཕྱོགས་མང་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས་འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱས་ཏེ་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་རང་བཞིན་དང་ངེས་གཏན་རང་བཞིན་གྱི་སྟོབས་ཤུགས་བྱེད་འདོད་ཡོད་པ་བསྟན།

མའོ་ཚི་ཡིས་འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པས་འཇར་མན་དང་ཡོ་རོབ་མནའ་འབྲེལ་ལ་གོ་སྐབས་བསྐྲུན་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་ཐག་ཇེ་དམ་དུ་བཏང་ནས་ཕྱོགས་མང་འབྲེལ་ཤུགས་ཆེ་རུ་གཏོང་བ་དང་རང་མོས་ཉོ་ཚོང་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན།