ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ11ཚེས24ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མིན་དང་། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་བཅས་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན62ཚོགས་འདུར་ཞུགས་ནས། ཁྲིམས་ལུགས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན། ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།

ཚོགས་འདུའི་སྟེང་སྔ་རྗེས་སུ<<མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)>>གི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང་། <<མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་སྲོལ་ཡིག(འཆར་ཟིན)>>ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ།  <<མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)>>ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གིས<<མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག(འཆར་ཟིན)>>གྲོས་ཞིབ་བྱེད་པར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས<<མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་སྐུལ་འདེད་དང་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)>>གྲོས་ཞིབ་བྱེད་པར་འབུལ་རྒྱུའི་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་གྲོས་གཞིའི་གསལ་བཤད་དང་། <<ཟི་ལིང་གྲོང་ཁྱེར་གྱི་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་གློག་ཤུགས་མ་ལག་གསར་བའི་དཔེ་སྟོན་ལྟེ་གནས་འཛུགས་པའི་གྲོང་ཁྱེར་སྐུལ་འདེད་སྲོལ་ཡིག>>སྐོར་གྱི་གསལ་བཤད། << མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག(བཟོ་བཅོས)>>སྐོར་གྱི་གསལ་བཤད། <<མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག(བཟོ་བཅོས)>>སྐོར་གྱི་གསལ་བཤད་དང་། <<རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུའི་ཡན་ལག་སྲུང་སྐྱོང་སྲོལ་ཡིག>>སྐོར་གྱི་གསལ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཧྥིན་ཁྲུན་གྱིས་ཕུལ་བའི<<མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་འོས་འགན་སྐོར་གྱི་ཞིབ་བཤེར་སྙན་ཞུ>>ལ་གྲོས་ཞིབ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པ་ཉི་མ་སྒྲོལ་མས་ཕུལ་བའི<<〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཏུང་བདེ་འཇགས་བཅའ་ཁྲིམས〉ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ>>དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཉི་མ་སྒྲོལ་མ་མས<<ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉〈མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་བྱས་པའི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉ཀྱི་བྱེད་ཐབས>> ལག་བསྟར་བྱེད་པའི་སྙན་ཞུ་ཕུལ།  ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲིན་ཅིས་ཝུའེ་ཡིས་ཕུལ་བའི<<ཞིང་ཆེན་ཡོངས་ཀྱི་སྨན་བཅོས་དང་སྨན་བཅོས་འགན་སྲུང་>> <<ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིའི་གྲོས་གཞི་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ>>  བཅས་ལ་ཉན།  << མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི〈ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་ཤུགས་ཆེ་རུ་བཏང་ཚུལ་སྐོར་གྱི་སྙན་ཞུའི〉གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ>>དང <<མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ལེན་གཞན་པར་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་དང་ཡོ་བསྲང་བྱས་ཚུལ་སྐོར་གྱི་སྙན་ཞུ>>དང་། <<ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིའི་གྲོས་གཞི་སྒྲུབ་སྐུལ་བྱས་ཚུལ་སྐོར་གྱི་སྙན་ཞུ>> བཅས་ལ་ཉན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཕྲལ་བསྟུན་ཐིན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་འགན་འཁྲི་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན།

ཚོགས་འདུའི་སྟེང<<མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག(འཆར་ཟིན)>>སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། <<མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་སྐུལ་འདེད་དང་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)>>སྐོར་གྱི་གྲོས་ཞིབ་བསམ་འཆར། <<ཟི་ལིང་གྲོང་ཁྱེར་གྱི་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་གློག་ཤུགས་མ་ལག་གསར་བའི་དཔེ་སྟོན་ལྟེ་གནས་འཛུགས་པའི་གྲོང་ཁྱེར་སྐུལ་འདེད་སྲོལ་ཡིག>>གི་ཞིབ་བཤེར་སྙན་ཞུ། <<མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག(བཟོ་བཅོས)>>གི་ཞིབ་བཤེར་སྙན་ཞུ། <<མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག(བཟོ་བཅོས)>>སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། <<རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུའི་ཡན་ལག་སྲུང་སྐྱོང་སྲོལ་ཡིག>>སྐོར་གྱི་ཞིབ་བཤེར་སྙན་ཞུ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་འགན་འཁྲི་བསྒྲུབས་ཚུལ་སྐོར་གྱི་ཡིག་ཐོག་སྙན་ཞུ།  <<མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)>> བཅས་པར་འགྲེམས་བྱས།

ཧྲིན་ཀྲང་གཞོན་པ་ཁྲིན་ཅིན་ཝེ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་པ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་པ་སོགས་ཚོགས་འདུར་ཞུགས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།