
ཟླ11པའི་ཚེས25ཉིན། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་མཉམ་དུ་བསྐྲུན་པའི་སྐུལ་སྤེལ་ཚོགས་ཆེན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཧྲིན་ཁྲང་ཡུས་ཀྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པར་མ་ཟད་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧུའུ་ཝུན་ཧོས་ཀྱིས་མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་མཉམ་དུ་བསྐྲུན་པའི་ལས་འགན་གཙོ་བོ་ངོ་སྤྲོད་བྱས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་དུས་ཡུན་རིང་པར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ཅུའུ་དང་ཞིང་ཆེན་གྱིས་མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་མཉམ་དུ་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་བྱའི་ཐོན་དབང་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན། ཆབ་སྲིད་ཀྱི་ཁྲིད་སྟོན་འབུར་དུ་ཐོན་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་བྱེད་པ་དང་། ཆུ་ཚད་མཐོ་བའི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ནས། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་། མཐོ་སྒང་གི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་གི་རྒྱང་ལྟའི་སྒྲིག་བཀོད་ཇེ་ལེགས་སུ་བཏང་སྟེ། ཤེས་བྱའི་ཐོན་དབང་གསར་སྐྲུན་དང་བེད་སྤྱོད། སྲུང་སྐྱོབ། དོ་དམ། ཞབས་ཞུ་བཅས་ཀྱི་མ་ལག་བསྟུད་མར་ལེགས་སྒྱུར་བྱ་དགོས། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་སྔར་བཞིན་མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་དང་དོ་སྣང་བྱེད་པའི་རེ་བ་བཅངས་ཡོད་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་དངོས་འབེབས་ནན་མོ་བྱས་ཏེ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་དང་། སྣ་མང་ཅན་གྱི་ནང་འཇུག་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ལས་འགན་སོ་སོ་ཚད་གཞི་མཐོ་བའི་སྒོ་ནས་ལག་བསྟར་དང་སྤུས་ཚད་མཐོ་བའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས།
ཧྲིན་ཁྲང་ཡུས་ཀྱིས་བསྟན་དོན། མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་མཉམ་དུ་བསྐྲུན་པ་ནི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོ་རིམ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་མཚོ་སྔོན་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བ་དང་ཤེས་བྱའི་ཐོན་དབང་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་གྱི་བརྗོད་དོན་དང་གཙོ་ཐིག་དམ་འཛིན་ནན་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པ་གཅིག་སྡུད་དམ་འཛིན་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་མཚོ་སྔོན་གྱི་ཁུལ་ཁོངས་ཟོང་རྟགས་བསྐྲུན་པ་སོགས་ཀྱི་ཤུགས་འདོན་ས་གཙོ་བོར་སྐུལ་འདེད་གཏོང་བ་དང་། ལག་རྡང་སྦྲེལ་ནས་མཚོ་སྔོན་གྱི་ཤེས་བྱའི་ཐོན་དབང་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བེད་སྤྱོད་པ་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བའི་གོ་གནས་གལ་ཆེན་དུ་བཞག་སྟེ། ལངས་གནས་མཐོ་བའི་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་གསར་སྐྲུན། ཕན་འབྲས་མཐོ་བའི་བེད་སྤྱོད། ཚད་གཞི་མཐོ་བའི་སྲུང་སྐྱོབ་དང་ཆུ་ཚད་མཐོ་བའི་ཞབས་ཞུ་བཅས་གཅིག་སྡུད་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས་སོགས་དགེ་མཚན་ཐོན་ལས་གསར་སྤེལ་གྱི་རིན་ཐང་མཐོ་བའི་ཆེད་ཁེ་ལ་དམིགས་ནས། ཚོང་རྟགས་དང་ས་ཁམས་མཚོན་རྟགས་ལ་བརྟེན་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལྟེ་གནས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། ཕྲེང་སྦྲེལ་ཧྲིལ་བོའི་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་བའི་ཞབས་ཞུ་སྟེགས་བུའི་ཐེག་གནས་བརྟན་པོར་བཙུགས་ཏེ། ཤེས་བྱའི་ཐོན་དབང་གསར་སྐྲུན་དང་བེད་སྤྱོད། སྲུང་སྐྱོབ་དང་ཞབས་ཞུ་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།
ཚོགས་འདུ་བརྙན་རིས་རྣམ་པ་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལིས་ཧན་དང་ཝང་ཧའེ་ཧུང་ཚོགས་འདུར་ཞུགས། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་སློབ་ཆེན། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
མཚོ་སྔོན་དུ་སྡོད་སྐབས། ཧྲིན་ཁྲང་ཡུས་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་དང་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཟོང་རྟགས་དང་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་འགྲེམ་སྟོན་ལ་ལྟ་ཞིབ་བྱས།
ལྷ་མོ་འཚོས་བསྒྱུར།