
ཚེས་ཉེར་བཞི་ནས་ཚེས་ཉེར་ལྔ་ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་དང་། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དོ་དོམ་བཅོས་སྐྱོང་ཚོགས་པ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་བཅས་ལ་སྒྲོག་འགྲེལ་ཐེངས་གསུམ་སྤེལ་བ་མ་ཟད། ཡུལ་དངོས་སུ་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》སློབ་སྦྱོང་དང་ལག་བསྟར་བྱེད་པར་ཁ་ཕྱོགས་ཏེ། ཞང་ཀང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་གལ་ཆེའི་དོན་སྙིང་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན་དང་གལ་ཆེའི་བྱེད་ཐབས་བཅས་ལ་ཁྱོན་ཡོངས་ནས་སྒྲོག་འགྲེལ་དང་བརྒྱུད་རིམ་ལྡན་པའི་ཀློག་འགྲེལ་བྱས།
ཚོགས་འདུར་ཞུགས་པའི་ཞང་ཀང་གི་ལས་རིགས་སོ་སོའི་མི་སྣས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱིས་བསྐྲུན་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཞང་ཀང་གིས་མེས་རྒྱལ་རྒྱབ་རྟེན་དུ་བཅོལ་བ་དང་། འཛམ་གླིང་གི་ཁྱད་ལྡན་དགེ་མཚན་དང་ནུས་པ་གལ་ཆེན་འབྲེལ་མཐུད་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཆེན་མོར་སྔར་ལས་ལེགས་པའི་མཉམ་འདྲེས་དང་ཞབས་ཞུ་སྒྲུབ་ནས། ཞང་ཀང་གི་ཡུན་རིང་དར་རྒྱས་བརྟན་བརླིང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས།
ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཡོན་ལང་ཁུལ་དང་བྱང་ཁུལ་གྱི་གྲོང་ཁྱེར་དུ་སོང་ནས་རྟོག་ཞིབ་བྱས་པ་མ་ཟད། གླིང་ཁུལ་གྱི་ལས་བྱེད་མི་སྣ་དང་ཁེ་ལས་ཀྱི་འཐུས་མི་སོགས་ལ་བསམ་ཚུལ་བརྗེ་རེས་བྱས།