ལྷ་གྲུ་ཉེར་གཉིས་པའི་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་ཏེ་བར་སྣང་ས་ཚིགས་ཀྱི་སྒྲིག་ཆས་དང་རང་བདག་མྱུར་སྦྲེལ་ལེགས་འགྲུབ་བྱུང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཟླ11པའི་ཚེས25ཉིན་གྱི་ཆུ་ཚོད12དང་སྐར་མ11སྟེང་། ལྷ་གྲུ་ཉེར་གཉིས་པའི་འཕུར་གྲུ་ཡོད་པའི་རྒྱང་སྐྱོད་གཉིས་པFཉེར་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིག་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མེ་རྟ་སྒྲོན་ནས་འཕེན་གཏོང་བྱས། འཕུར་གྲུ་འཁོར་ལམ་དུ་ཞུགས་རྗེས་ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ50སྟེང་བར་སྣང་ས་ཚིགས་དང་ལྟེ་སྙིང་གྲུ་ཚང་གི་མདུན་ནས་སྦྲེལ་མཐུད་བྱས་པ་དང་། དེའི་རྗེས་སུ་ལྷ་གྲུ་ཉེར་གཅིག་པའི་མཁའ་སྐྱོད་ཚན་ཆུང་གི་ཕྱིར་ལོག་འཕུར་གྲུའི་ནང་ཞུགས་རྒྱུ་རེད།

སྐར་མ10ཙམ་འགོར་རྗེས། འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་གྱེས་ཏེ་སྔོན་བཀོད་འཁོར་ལམ་ཐོག་བསྐྱོད་དེ་འཕེན་གཏོང་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་། ལྷ་གྲུ་ཉེར་གཉིས་པའི་འཕུར་གྲུ་འཁོར་ལམ་དུ་ཞུགས་རྗེས་བདེ་བླག་ངང་བཀོད་སྒྲིག་བྱས་པ་དང་། ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ50སྟེང་། བར་སྣང་ས་ཚིགས་དང་ལྟེ་སྙིང་གྲུ་ཚང་མདུན་གྱི་མཐུད་སྣེ་དང་སྦྲེལ། སྦྲེལ་མཐུད་ལེགས་འགྲུབ་བྱུང་རྗེས། ལྷ་གྲུ་ཉེར་གཉིས་པའི་འཕུར་གྲུའི་སར་སྤོས་བ་དང་། དེའི་རྗེས་སུ་ལྷ་གྲུ་ཉེར་གཅིག་པའི་མཁའ་སྐྱོད་ཚན་ཆུང་གི་ཕྱིར་ལོག་འཕུར་གྲུའི་ནང་ཞུགས་རྒྱུ་རེད།

ཐེངས་འདིའི་ལས་འགན་ནི་ཀྲུང་གོའི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་གྱི་འཕྲལ་སྡོམ་འཕེན་གཏོང་ལས་འགན་ཐོག་མ་དེ་ཡིན། ལྷ་གྲུ་ཉེར་གཉིས་པའི་འཕུར་གྲུ་ནི་མི་མེད་པའི་རྣམ་པ་ཡིན་ལ། མཁའ་སྐྱོད་ཟས་རིགས་དང་། མཁའ་སྐྱོད་སྨན་རྫས། ཤིང་འབྲས་དང་སྔོ་ཚལ་གསར་པ། ལྷ་གྲུ་ཉི་ཤུ་པའི་འཕུར་གྲུའི་སྒེའུ་ཁུང་གི་གས་སྲུབས་ལ་དམིགས་པའི་ཐག་གཅོད་སྒྲིག་ཆས་དང་། དེ་མིན་བར་སྣང་ས་ཚིགས་ལ་མཁོ་བའི་གྲབས་ཆས་སོགས་བཞག་ཡོད། མིག་སྔར། ལྷ་གྲུ་ཉེར་གཅིག་པའི་འཕུར་སྐྱོད་ཚན་ཆུང་དེ་འཁོར་ལམ་ཐོག་རྣམ་རིག་ཡག་པོ་ཡོད་པ་དང་། འཆར་གཞི་ལྟར་གཏན་འཁེལ་བྱས་པའི་བྱ་བ་སོ་སོ་ལེགས་འགྲུབ་བྱེད་བཞིན་ཡོད། ལྷ་གྲུ་ཉི་ཤུ་པའི་འཕུར་གྲུ་མུ་མཐུད་དུ་འཁོར་ལམ་དུ་བསྡད་ནས་འབྲེལ་ཡོད་ཚོད་ལྟ་བྱེད་རྒྱུ་རེད།

ཟླ11པའི་ཚེས5ཉིན། ལྷ་གྲུ་ཉི་ཤུ་པའི་འཕུར་གྲུ་ལ་བར་སྟོང་གི་གས་ཁ་ཆུང་ངུ་བྱུང་ནས་ཕྱིར་ལོག་ནར་འགྱངས་བྱས་རྗེས། ལས་འགན་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་མགྱོགས་མྱུར་ངང་སྔོན་ཇུས་ལག་བསྟར་བྱས་པ་དང་། བཟོ་སྐྲུན་གྱི་ལམ་ཐིག་ཧྲིལ་པོར་ཉིན20ཡི་ནང་ཉེན་ཁ་དབྱེ་ཞིབ་དཔྱད་འཇོག་དང་། ཇུས་གཞི་རིགས་སྒྲུབ་ཇུས་འགོད། མི་སྣ་དང་དངོས་ཟོག་སྤོ་སྒྱུར། ཚན་ཆུང་བརྗེ་ནས་ཕྱིར་ལོག་པ། འཕུར་གྲུའི་འཕྲལ་སྡོམ་འཕེན་གཏོང་སོགས་ཀྱི་བྱ་བ་ལེགས་སྒྲུབ་བྱས་ཏེ། རྒྱལ་སྤྱིའི་འཕུར་སྐྱོད་ཁྱབ་ཁོངས་ཀྱིས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་ནུས་ལྡན་འཇལ་བར་གྲུབ་འབྲས་ལྡན་པའི་དཔེ་མཚོན་འདོན་སྤྲོད་བྱས།

ཀྲུང་གོའི་མི་སྡོད་འཕུར་སྐྱོད་བཟོ་སྐྲུན་གྱི་སྤྱི་ཁྱབ་ཇུས་འགོད་པ་ཀྲོའུ་ཅན་ཕིང་གིས་བཤད་རྒྱུར། ཐེངས་འདིའི་ལས་འགན་ལེགས་འགྲུབ་བྱུང་བ་དེས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་གང་ལེགས་སྒོས་མངོན་པ་དང་། ཀྲུང་གོའི་མི་སྡོད་འཕུར་སྐྱོད་ཀྱི“ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་གཙོ་བོར་འཇོག་པའི”འདུ་ཤེས་ཕྱོགས་ཡོངས་ནས་གསལ་བཤད་བྱས་ལ། ཀྲུང་གོའི་བར་སྣང་ས་ཚིགས་ལས་འགན་གྱི“སྔ་བསམ་ཕྱི་འདང”གི་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་དང་། བདེ་འཇགས་རང་བཞིན། བློས་འགེལ་ཆོག་པའི་རང་བཞིན་བཅས་ཕྱོགས་ཡོངས་ནས་ར་སྤྲོད་བྱས་ཏེ། བཟོ་སྐྲུན་གྱི་ལམ་ཐིག་ཧྲིལ་པོར་མགྱོགས་མྱུར་ངང་ཚུར་སྣང་ཐུབ་མིན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ལ་དངོས་འཐབ་དཔྱད་ཞིབ་བྱས།