
ཟླ11པའི་ཚེས25ཉིན། སྐབས་བདུན་པའི་ཀྲུང་ཨུའི་ནུས་རྒྱུ་ཚོང་དོན་གླེང་སྟེགས་པེ་ཅིང་དུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་ཤིས་འཕྲིན་སྤྲིངས།
ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་རྒྱུ་མཉམ་ལས་འགོ་ཚུགས་པ་སྔ་ལ་རྨང་གཞི་བཟང་བས། ཕྱོགས་གཉིས་ཀའི་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་ཡིན་ལ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་དེ། ཕྱོགས་ཡོངས་ནས་ནུས་ཁུངས་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ནུས་ཁུངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་སོ་སོ་བརྟན་པོའི་ངང་ཤར་བགྲོད་ཐུབ་པར་ཐུན་མོང་སྒོས་སྲུང་སྐྱོང་བྱས་ནས་། སྔར་ལས་དྲང་སྙོམས་དྲང་གཞག་དང་དོ་མཉམ་ཀུན་ཕན་གྱིས་གོ་ལ་ཧྲིལ་པོའི་ནུས་ཁུངས་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས་ལ། འཛམ་གླིང་གི་ནུས་ཁུངས་བདེ་འཇགས་དང་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ཐད་བརྟན་འཇགས་རང་བཞིན་སྔར་ལས་མང་པོ་སྣོན་དགོས་པ་བསྟན།
ཚེས་ཉེར་ལྔ་ཉིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་འཛིན་ཕུའུ་ཅིན་གྱིས་ཀྱང་སྐབས་བདུན་པའི་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་ལ་ཤིས་འཕྲིན་སྤྲིངས།