ཞི་ཅིན་ཕིང་གིས་ཐང་ཀའི་རྒྱལ་བོ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཚེས25ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཐང་ཀ་རྒྱལ་ཁབ་ཀྱི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

  གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་དགའ་བསུའི་མཛད་སྒོར་ཞུགས། ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་བཙུན་མོ་དང་། འཕྲོད་བསྟེན་བློན་ཆེན། ཐང་ཀ་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་སོགས་ཞུགས་དགའ་བསུའི་མཛད་སྒོར་ཞུགས། དམག་དཔུང་རོལ་མོའི་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།

ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་ཁག་བགོས་རྣམ་པར་གཟིགས་པ་དང་། ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་།