

ཟླ11པའི་ཚེས26ཉིན། ཀྲུང་གོའི་གཟི་འོད་ལས་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་མཇལ་འཕྲད་ལ་ཞུགས།
ལི་ཀན་ཅེ་ཡིས་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོའི་ཐོག་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་གཟི་འོད་ལས་དོན་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱས་བཤད་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་གཟི་འོད་ལས་དོན་ལེགས་པོ་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། གཟི་འོད་ལས་དོན་གྱིས་འཐབ་ཕྱོགས་གཅིག་གྱུར་ཞབས་ཞུའི་ལྟེ་གནས་ཀྱི་ཁྱོན་ཡོངས་ཁྲོད་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། སྐྱོད་ལམ་གསར་པའི་སྟེང་གཟི་འོད་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཡང་དག་པར་ཁོང་དུ་ཆུད་དེ། རྒྱ་ཆེའི་དམངས་གཉེར་ཁེ་ལས་པས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་གཏིང་ཟབ་རྟོགས་རྒྱུར་ཁྲིད་སྟོན་བྱས་ནས། སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་སྟེ། དུས་རབས་ཀྱི་འགན་འཁྲི་ལྕི་མོ་འཁུར་ཕོད་པའི་གཟི་འོད་ལྡན་པའི་མི་སྣ་གསར་པ་ཞིག་བྱེད་དགོས། དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་བླང་བྱ་གསར་བར་འཚམ་པར་བྱས་ཏེ། གཟི་འོད་སྐུལ་སྤེལ་ལྷན་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་བཏང་ནས། གཟི་འོད་ལས་དོན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་ཐོག་གསོན་ཤུགས་གསར་པ་འཕེལ་བ་དང་བཀྲག་མདངས་གསར་པ་འཚེར་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་བྱ་བའི་སྙན་ཞུ་དང་ཀྲུང་གོ་གཟི་འོད་ལས་དོན་སྐུལ་སྤེལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་སྐབས་བདུན་པ་བདམས་ཐོན་བྱུང་བ་དང་། ཧྲིན་ཡུན་ཚོགས་གཙོ་རུ་བདམས་ཐོན་བྱུང་།