

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས26ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཐང་ཀའི་རྒྱལ་བོ་
ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས26ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཐང་ཀའི་རྒྱལ་བོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་པོ་མཆོག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཐང་ཀའི་བར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན། ཚེས་ཉེར་ལྔ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་ཐང་ཀའི་འབྲེལ་བའི་འཕེལ་རྒྱས་ལ་འཆར་གཞི་གསར་པ་བཀོད། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་མཐའ་གཅིག་ཏུ་ཕན་ཚུན་རྒྱབ་སྐྱོར་དང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཐང་ཀའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་བརླིང་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།
ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐང་ཀའི་གྲོས་ཁང་དང་མཉམ་དུ་རིམ་པ་སོ་སོ་དང་ཁྱབ་ཁོངས་མང་པོའི་བརྗེ་རེས་དང་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་འདོད་ཡོད།
ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས་བསྟན་དོན། ཐང་ཀ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་དམ་ཞིང་། ཐང་ཀ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། ཐང་ཀ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་འདོད་ཡོད།