
ཟླ11པའི་ཚེས26ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་སྤེལ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཐོ་རིམ་སློབ་གྲྭ་སོ་སོའི་འབྲེལ་ཡོད་ཁྲུའུ་དང་གཞུང་སྒྲུབ་ཁང་། སྡེ་ཁག་གི་འགན་ཁུར་བློ་མཐུན། ཟི་ལིང་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ལས་སྒོའི་རྐང་འཛིན་མི་སྣ་བཅས་འཆད་ཁྲིད་ལ་ཞུགས། མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྫོང་དང་ཆུས་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།
རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་ནན་མི་རིགས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཕའེ་ཧྲིན་ཡུའུ་ཡིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་བྱེད་པའི་སློབ་གསོ》ཞེས་པ་ཁ་བྱང་དུ་བྱས་ཏེ། སྲ་བརྟན་གཙོ་ཐིག་ཏུ་འཛིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་བྱེད་པའི་སློབ་གསོའི་དོན་སྙིང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་ནང་སྙིང་ཁོང་དུ་ཆུད་པར་བྱེད་པ། ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་ཁ་ཕྱོགས་གསལ་བོ་བྱེད་པ་སོགས་ཀྱི་ཐད་ནས་མ་ལག་ལྡན་པའི་གསལ་འགྲེལ་གཏིང་ཟབ་བྱས།
ཚང་མས་ལང་ལོས་སྒོས་བསྟན་དོན། འཆད་ཁྲིད་ཀྱི་ལྟ་བ་གསལ་བོ་ཡིན་པ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། གཏན་ཚིགས་གཟབ་ནན་ཡིན་ཞིང་། དོན་སྙིང་ཟབ་ལ་གོ་བདེ་བའི་གཞུང་ལུགས་ཀྱི་གསལ་འགྲེལ་ཡོད་པར་མ་ཟད། རྒྱ་ཆེར་བསྡུ་ལེན་བྱས་པའི་གྱོད་དཔེ་དབྱེ་ཞིབ་ཀྱང་ཡོད་ལ། ལག་ལེན་རིམ་པའི་འཐབ་ཇུས་བསམ་གཞིགས་ལྷག་ཏུ་ལྡན་ཞིང་། གཞུང་ལུགས་རང་བཞིན་དང་ཁ་གཏད་རང་བཞིན། མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་པས། ངེས་པ་དོན་གྱིས་བསམ་བློ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ་དང་། ལས་གནས་ཀྱི་བྱ་བར་རྐང་འཛུགས་པ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་ངོས་ཟིན་དེ་བྱ་བའི་གྲུབ་འབྲས་སུ་བསྒྱུར་བ་དང་། སེམས་གཏིང་དུ་སིམ་པར་བྱེད་པ་དང་བྱ་སྤྱོད་དུ་འགྱུར་བར་བྱས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྟོབས་ཤུགས་འབུལ་དགོས།
ཤ་བོ་གསེར་མཚོས་བསྒྱུར།