གཞི་གྲངས་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་དགོས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

 ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས། གཞི་གྲངས་ཐོན་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་ཟབ་སྤེལ་བྱེད་པ་དང་། གཞི་གྲངས་ཀྱི་ནུས་ཆེའི་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས་པ་བཏོན་ཡོད། མིག་སྔར། རྒྱལ་ཡོངས་གཞི་གཅིག་ཅན་གྱི་གཞི་གྲངས་ཁྲོམ་རའི་འཛུགས་སྐྲུན་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན། གཞི་གྲངས་དེ་འཁོར་རྒྱུག་གི་ཐོན་ཁུངས་སུ་མགྱོགས་མྱུར་ངང་འགྱུར་བཞིན་ཡོད། 

ད་ལོའི་ཚུན་ལ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་གཞི་གྲངས་ཐོན་ལས་ཀྱི་འདོན་སྤྲོད་སྦྲེལ་མཐུད་བྱེད་སྒོའི་ཡུལ་དངོས་སུ། གསར་འགོད་པའི་རགས་རྩིས་ལྟར་ན། དེའི་ནང་ཞུགས་མཁན་གྱི་ཁེ་ལས་ཉུང་མཐའ་ཡང་བརྒྱ་ཕྲག་འགའ་ཡོད། སྒོས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་དང་བཟོ་ལས་བཟོ་སྐྲུན། རིག་ནུས་ནུས་ཁུངས་སོགས་ཁྱབ་ཁོངས་ཁ་ཤས་ཀྱི་ཁེ་ལས་གཅིག་ཏུ་འདུས་ཡོད། ཐོན་སྐྱེད་འཚོ་བའི་ལས་རིམ་དང་པོ་ནས་ཐོན་པའི་གཞི་གྲངས་སྣ་ཚོགས། ལག་རྩལ་ཚོར་ཤོར་ཐག་གཅོད་དང་སྒྲིག་མཐུན་ཞིབ་བཤེར་བྱས་པ་བརྒྱུད་ནས། ཉོ་ཚོང་བྱས་ཆོག་པའི་ཚོང་ཟོག་ཏུ་གྱུར་ཡོད། ད་ལྟ་རིག་ནུས་དྲ་སྦྲེལ་གྱི་རླངས་འཁོར་ཐོན་ལས་འཕེལ་རྒྱས་སུ་ཕྱིན་པ་མགྱོགས་ཤིང་། རླངས་འཁོར་ཁེ་ལས་སུ་ལས་ཆེད་འཐུས་མི་མངགས་ནས་རླངས་འཁོར་འཁོར་རྒྱུག་དང་ལམ་དྲའི་གཞི་གྲངས་ཉོ་སྒྲུབ་བྱེད་ཀྱིན་ཡོད།

ཁེ་ལས་ཀྱི་འཐུས་མི་ཝང་ཀྲེན་ཡའོ་ཡིས་བཤད་རྒྱུར། སྦྱོང་བརྡར་གྱི་དཔེ་དབྱིབས་ཆེན་མོ་དེ་རིག་ནུས་རམ་འདེགས་ཀྱི་ཁ་ལོ་བའི་ཁ་ལོ་བསྒྱུར་བའི་ཐད་སྤྱོད་པ་ཡིན།

བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་དགོས་མཁོ་དེ་འགྲིམ་འགྲུལ་ཟོང་འགྲུལ་ཁེ་ལས་ཀྱི་གོ་སྐབས་སུ་གྱུར། འགྲིམ་འགྲུལ་དོ་དམ་ཁེ་ལས་འདིས་ལོ་རེར་སྤུས་ཚད་མཐོ་བའི་འགྲིམ་འགྲུལ་གཞི་གྲངས་ས་ཡ་གསུམ་ལས་བརྒལ་བ་ཐོན་སྐྱེད་བྱེད་བཞིན་ཡོད། འོན་ཀྱང་སྔོན་ཆད་བཀོལ་སྤྱོད་བྱ་ཡུལ་མེད་པས་ཟུར་དུ་འཇོག་པ་ལས་ཐབས་གཞན་མེད།

ཁེ་ལས་ཀྱི་འཐུས་མི་ཧྲེང་པིན་ཡུས་ཀྱིས་བཤད་རྒྱུར། ང་ཚོའི་གཞི་གྲངས་འདི་ཕྱོགས་སྟོན་དང་རླངས་འཁོར་ཁེ་ལས་ལ་འདོན་སྤྲོད་བྱས་ཏེ། ཁོ་ཚོའི་དཔེ་དབྱིབས་ཆེན་མོའི་བརྩི་ཐབས་ལ་བརྡར་གཅོད་བྱེད་རོགས་བྱས་ཆོག

གཞི་གྲངས་ཐོན་སྐྱེད་རྒྱུ་ཆ་གསར་པ་ཡིན་པའི་ངོས་ནས་མགྱོགས་མྱུར་སྒོས་འཁོར་རྒྱུག་བྱེད་བཞིན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྐབས་སུ། རྒྱལ་ཡོངས་ཀྱི་གཞི་གྲངས་ཁེ་ལས་ཀྱི་གྲངས་ཀ་བཞི་འབུམ་ལས་བརྒལ། གཞི་གྲངས་ཐོན་ལས་ཀྱི་གཞི་ཁྱོན་སྒོར་ཁྲག་ཆེན་ལྔ་ཁྲག་ཁྲིག་བརྒྱད་ལས་བརྒལ་ཞིང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས་ལྡབ་གཉིས་ལྷག་འཕར་ཡོད། ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་གཞི་གྲངས་མང་པོའི་དགེ་མཚན་སྔར་ལས་འདོན་སྤེལ་བྱས་པ་དང་། གཞི་གྲངས་དཔལ་འབྱོར་གྱི་དུས་བཟང་དང་བསྟུན་ནས། ཅང་སུའུ་སུའུ་ཀྲོའུ་ཡི་སྲོལ་རྒྱུན་དར་གོས་ཁེ་ལས་ཀྱིས་འདས་ཟིན་པའི་ལོ་ལྔའི་ནང་ཐོན་སྐྱེད་དང་ཕྱིར་ཚོང་། མཛོད་ཉར་སོགས་འགག་རྩའི་རིམ་པའི་བརྒྱུད་རིམ་ཧྲིལ་པོ་གཞི་གྲངས་ཅན་དུ་བསྒྱུར་བ་མ་ཟད། ད་དུང་གཞི་གྲངས་ཉོ་ཚོང་དངIPཡི་དབང་སྤྲོད་བརྒྱུད། རྟེན་མཛོད་ཁང་གི་ལོ་བརྒྱའི་རི་མོ་དེ་བྲིན་ཁ་རྒྱུག་པའི་རང་རྒྱལ་གྱི་ཚོང་རྫས་གྲགས་ཅན་ཁྲོད་འདྲེས་སུ་བཅུག

སུའུ་ཀྲོའུ་ཐའེ་ཧུའུ་ཞོའེ་དར་གོས་མ་རྐང་ཚད་ཡོད་ཀུང་སིའི་ཐོན་རྫས་ཇུས་འགོད་སྤྱི་ཁྱབ་ལྟ་སྐུལ་པ་སུན་པའོ་ཡུས་ཀྱིས་བཤད་རྒྱུར། འདས་པའི་ལོ་ལྔའི་རིང་ལ། ང་ཚོས་གཞི་གྲངས་ཅན་གྱི་ཡོ་བྱད་ལ་བརྟེན་ནས། སྲོལ་རྒྱུན་རིག་གནས་དང་ཁྲོམ་རའི་གཞི་གྲངས་མཛོད་ནས་འཆར་སྣང་བཙལ་ཏེ། ཐོན་རྫས་གྲགས་ཅན་མང་པོ་ཐོན་སྐྱེད་བྱས། ང་ཚོའི་ཐད་གཏོང་གློག་རྡུལ་ཚོང་དོན་གྱི་ཕྱིར་ཚོང་བྱེད་ཚད་ལྡབ་གཉིས་འཕར་ཏེ། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་གྱིས་ལོ་རེར་གྲངས་གནས་གཉིས་ཀྱི་འཕར་ཚད་སྲུང་འཛིན་བྱས་ཡོད་ཟེར།

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ། གཞི་གྲངས་རྨང་གཞིའི་ལམ་ལུགས་དང་གཞི་གྲངས་གསར་སྤེལ་བེད་སྤྱོད་ལ་དམིགས་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་འཕྲོ་རིམ་འཕྲོར་བཏོན་པ་དང་ཆབས་ཅིག རང་རྒྱལ་གྱི་གཞི་གྲངས་ཐོན་ལས་སྦྲེལ་ཐག་མགྱོགས་མྱུར་སྒོས་ཆགས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་གྲོས་གཞི་ལས། སྒོ་འབྱེད་མཉམ་སྤྱོད་བདེ་འཇགས་བཅས་ཀྱི་རྒྱལ་ཡོངས་གཞི་གཅིག་ཅན་གྱི་གཞི་གྲངས་ཁྲོམ་ར་འཛུགས་དགོས་པ་བཏོན་ཏེ། དངོས་ཕུང་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར་གྱི་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་བཏང་ཞིང་། ཁེ་ལས་སྔར་ལས་མང་པོས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསུས།

ཁེ་ལས་ཀྱི་འགན་འཁུར་པ་ཏའེ་ཡན་གྱིས་བཤད་རྒྱུར། ང་ཚོས་བསམ་ན་ལོ་ལྔའི་རྗེས་སུ། གཞི་གྲངས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ནུས་བསྩོལ་བ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་རེད། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། མཁོ་སྤྲོད་དོ་མཉམ། མཉེན་གཤིས་བཟོ་སྐྲུན་བཅས་ཀྱི་ཐད་ནས་ང་ཚོའི་ལས་རིགས་འདི་ལ་འགྱུར་ལྡོག་ཆེན་པོ་འབྱུང་ངེས་རེད་ཟེར།

 ཁེ་ལས་ཀྱི་འགན་འཁུར་པ་ཀྲོའུ་ཀྲོའུ་ཡིས་བཤད་རྒྱུར། མ་འོངས་པའི་ལོ་ལྔའི་རིང་། ང་ཚོས་གཞི་གྲངས་ཅན་གྱིས་ཕྱོགས་ཡོངས་ལ་སྒུལ་ནུས་བསྩལ་ནས་ཐོན་རྫས་བཙོང་བ་ནས་ཞབས་ཞུ་བཙོང་བ་དང་། དེ་ནས་ཐག་གཅོད་ཇུས་གཞི་བཏོན་ཏེ། འགྲན་ལམ་གསར་པ་སྔར་བས་མང་པོར་ཞུགས་པར་རེ་སྒུག་བྱས་ཡོད་ཟེར།

 ཅང་སུའུ་ཞིང་ཆེན་གཞི་གྲངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་ཝན་ཅུན་གྱིས་བཤད་རྒྱུར། མིས་བཟོས་རིག་ནུས་འཕེལ་བར་གཞི་གྲངས་ཀྱི་མ་རྒྱུ་དགོས། ཐོན་ལས་རིམ་སྤར་བྱེད་པར་ཡང་གཞི་གྲངས་ཀྱིས་སྒུལ་ནུས་བསྩོལ་དགོས། གཞི་གྲངས་ཀྱི་ལས་ཆོད་ཆེ་བའི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་གྲངས་ཐོན་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་ཟབ་སྤེལ་བྱེད་པ་ནི་ང་ཚོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་ལས་ཀའི་ཁ་ཕྱོགས་གསལ་པོ་ཡིན་ཟེར།