《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད(2025ལོའི་པར་གཞི)》པར་སྐྲུན་འགྲེམ་སྤེལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མུ་མཐུད་དུ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཏུ་གཏོང་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཕྱི་འབྲེལ་པུའུ་ཡིས2021ལོར་པར་དུ་སྐྲུན་པའི《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད》གསར་བ་བཏོན་ནས་ཡང་བསྐྱར་པར་དུ་བསྐྲུན། 《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད(2025པར་གཞི)》ཞེས་པའི་དཔེ་དེབ་རྩོམ་སྒྲིག་སྒྲིག་འཛུགས་བྱས་ནས། མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་གྱིས་པར་དུ་བསྐྲུན་པ་དང་། ཚེས་ཉེར་བརྒྱད་ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀྲམ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གཏིང་ཟབ་པར་ཁོང་དུ་ཆུད་པར་བྱས་ནས། ཕྱི་ཕྱོགས་ལས་དོན་ཐད་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་གལ་ཆེན་རབ་དང་རིམ་པ་བྱས། རང་རྒྱལ་གྱི་ཕྱི་ཕྱོགས་བྱ་བར་སྣེ་ཁྲིད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་སྟེ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་གྲུབ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་གནས་ཚུལ་དངོས་དང་ཟུང་དུ་འབྲེལ་ཞིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པ་ཕྱི་འབྲེལ་ཁྱབ་ཁོངས་སུ་གཅིག་བསྡུས་ཀྱིས་མཚོན་པ་ཞིག་ཀྱང་ཡིན། དུས་རབས་གསར་པའི་རང་རྒྱལ་གྱི་ཕྱི་ཕྱོགས་བྱ་བའི་རྩ་བའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན།

《རྩ་གནད(2025ལོའི་པར་གཞི)》ལ་བསྡོམས་པས་ལེའུ14དང་། སྡེ་ཚན50དོན་ཚན132ཡོད་ལ། ཡིག་འབྲུ་འབུམ་གཅིག་དང་སྟོང་གསུམ་ཡོད། དཔེ་དེབ་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕྱི་འབྲེལ་ཁྱབ་ཁོངས་ཀྱི་ཐོག་མའི་གསར་གཏོད་རང་བཞིན་གྱི་བྱས་རྗེས་དང་འཕེལ་རྒྱས་གསར་བ་ཕྱོགས་ཡོངས་ནས་མཚོན་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། གཏིང་ཟབ་པའི་ནང་དོན། གཞུང་ལུགས་ཀྱི་མཚར་ཉམས། གཟི་འོད་འབར་བའི་ལག་ལེན་བཅས་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བརྗོད་བྱས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དབང་གྲགས་ལྡན་པའི་རམ་འདེགས་ཀྱི་ཀློག་དེབ་མཁོ་འདོན་བྱས།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་བརྡ་ཐོ་བཏང་སྟེ། 《རྩ་གནད(2025ལོའི་པར་གཞི)》ཞེས་པ་འདི་ཏང་ཨུ(ཏང་ཙུའུ)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་དང་། ལས་བྱེད་པའི་གསོ་སྦྱོང་། ཏང་ཡོན་གྱིས་སློབ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་ཡིན་ཕྱིར་སློབ་སྦྱོང་དཔྱིས་ཕྱིན་དང་། ཡིད་ཆེས་རྒྱུན་འཁྱོངས། བློ་སེམས་རྩེ་གཅིག་གིས་ཞིབ་འཇུག་དང་ཤེས་སྤྱོད་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་ལས་ཁོང་དུ་ཆུད་པ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་རྣམ་པ་གསར་བ་མུ་མཐུད་དུ་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་པ་བྱ་དགོས།