
རྒྱལ་ཁབ་བསྡོམས་རྩིས་ཅུའུ་དང་ཀྲུང་གོ་ཟོང་འགྲུལ། ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཟླ11པའི་ཚེས30ཉིན་སྤྱི་བསྒྲགས་བྱས་པ་ལྟར་ན། ཟླ11པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྟོན་གྲངས49.2%ཡིན་པ་དང་། ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས0.2འཕར་ཡོད་ལ། ཆ་ཤས་ཆེ་བའི་སྟོན་གྲངས་ཟླ་སྔོན་མ་ལས་ཅུང་འཕར། བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་དང་དགོས་མཁོ་གཉིས་ཀ་ལེགས་བཅོས་བྱུང་ཡོད་པ་དང་། ཐོན་སྐྱེད་ཀྱི་སྟོན་གྲངས་དང་མངགས་ཐོ་གསར་པའི་སྟོན་གྲངས་གཉིས་ཀ་འཕར་ཡོད། ཕྱིར་གཏོང་མངགས་ཐོའི་སྟོན་གྲངས་གསར་པ47.6%ཡིན་པ་དང་། ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས1.7འཕར་ཡོད་པས། སྟོན་གྲངས་འཕར་ཚད་ཅུང་མངོན་གསལ་རེད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་གཏོང་མངགས་ཐོའི་སྟོན་གྲངས་དེ་ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས3ལས་བརྒལ། ཟླ11པར་ཐོན་སྐྱེད་སྟོན་གྲངས50%ཡིན་ལ། ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས0.3འཕར། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས། འཛད་རྫས་བཟོ་སྐྲུན་ལས་རིགས་བཅས་ཀྱི་ཐོན་སྐྱེད་སྟོན་གྲངས་ཚང་མ་རྒྱ་སྐྱེད་བར་ཁོངས་སུ་རྒྱུན་བསྲིངས།