
ཟླ11པའི་ཚེས30ཉིན་ནས་ཟླ12པའི་ཚེས2ཉིན་བར། 2025ལོའི“ཀྲུང་གོར་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཀོང་ཀྲོའུ་རུ་བསྡུས། ཚོགས་ཞུགས་སྐུ་མགྲོན་ཚོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱུས་ལོན་བྱེད་པའི་འགག་རྩ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་བྱ་རྒྱུ་དེ་ཡིན་པ་ནན་གྱིས་བསྟན་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་མ་འོངས་ཀྱི་ལོ་ལྔའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པར་དོན་སྙིང་གལ་ཆེན་ལྡན། ཚོགས་ཞུགས་སྐུ་མགྲོན་ཚོས་བལྟས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རང་ངོས་འཕེལ་རྒྱས་སུ་གཏོང་ཐུབ་པར་བྱེད་དགོས་པ་མ་ཟད། འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་ནུས་ལྡན་སྒོས་སྤུས་ཚད་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་སོ་སོ་དང་མཉམ་འབྲེལ་གཉིས་ཕན་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱེད་དགོས། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་བས་མང་ཞིང་སྔར་བས་དྲང་གཞག་གིས་དམངས་ཡོངས་ལ་ཕན་འདོགས་པར་བྱེད་དགོས།
སྲིད་དོན་ལས་རིགས་དང་འཐབ་ཇུས་ལས་རིགས། ཁེ་ལས་ལས་རིགས། རིག་གཞུང་ལས་རིགས་དང་དེ་མིན། འབྲེལ་ཡོད་རིག་མཛོད་བཅས་ནས་ཐོན་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན800ལྷག་ཚོགས་འདུར་ཞུགས།