
ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ལ་སྐོར་ཞིབ་བྱས་པར་ཕྱིན་ལན་འྤྲོད་པའི་བྱ་བ་ཉེ་ཆར་ལེགས་འགྲུབ་བྱུང་། སྐོར་ཞིབ་བྱས་པར་གཅིག་སྡུད་སྒོས་ཕྱིར་ལན་བྱིན་པ་དང་སྐོར་ཞིབ་ཚན་ཆུང་གི“གཅིག་གཏད་གཅིག”གི་ཕྱིར་ལན་སྟེར་བའི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད།
གཅིག་སྡུད་སྒོས་ཕྱིར་ལན་སྟེར་བའི་ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གིས་སྐོར་ཞིབ་བྱས་ཚུལ་གྱི་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐོར་ཞིབ་ལས་རྙེད་པའི་ཐུན་མོང་རང་བཞིན་གྱི་གནད་དོན་བརྡ་ཁྱབ་བཏང་སྟེ། སྐོར་ཞིབ་དག་ཐེར་བྱ་བ་ནན་གྱིས་འཛིན་པར་བཀོད་སྒྲིག་བྱས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཅིན་གོ་ཚོགས་འདུར་ཞུགས་ཏེ་གཏམ་བཤད། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང16གིས་རེ་རེ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོ། དེ་མིན་ཀྲུང་དབྱང་གིས་རིམ་སྤར་སྐོར་ཞིབ་བྱས་པའི་ཁུན་མིང་གྲོང་ཁྱེར་ལ“གཅིག་གཏད་གཅིག”སྒོས་སྐོར་ཞིབ་གནས་ཚུལ་སྐོར་ནས་ཕྱིར་ལན་བྱིན་པར་མ་ཟད། འབྲེལ་ཡོད་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་མཉམ་སྒུལ་སྐོར་ཞིབ་བྱས་པའི་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར15ལ་སྐོར་ཞིབ་བྱས་པའི་གནས་ཚུལ་སྐོར་ནས་ཕྱིར་ལན་བྱིན།
ཕྱིར་ལན་བྱིན་པའི་གནས་ཚུལ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། དག་ཐེར་ནན་གྱིས་འཛིན་དགོས་པ། དག་ཐེར་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཆབ་སྲིད་ཁོར་ཡུག་གཙང་བཟོ། འགོ་ཁྲིད་ཚན་ཆུང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འགོ་རྩོམ་ས་བྱས་ནས་དག་ཐེར་ཡོ་བསྲང་གི་ཕན་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཏང་ཨུ་ཡིས་དག་ཐེར་ཡོ་བསྲང་གི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། དག་ཐེར་ཡོ་བསྲང་གི་ཇུས་གཞི་ཞིབ་འཇུག་ནན་མོས་གཏན་འབེབས་བྱས་ནས། གནད་དོན་ཞིབ་ཐོ་དང་ལས་འགན་ཞིབ་ཐོ། འགན་འཁྲི་ཞིབ་ཐོ་བཅས་གྲུབ་ནས་དོན་དག་རེ་རེ་བཞིན་འཛིན་དགོས། ཏང་ཨུའི་ཧྲུའུ་ཅི་ནི་འགན་འཁྲི་འཁུར་མཁན་དང་པོ་ཡིན་པས་དངོས་སུ་འཛིན་པ་དང་འགོ་བཟུང་ནས་བཅོས་སྐྱོང་བྱ་དགོས། འགོ་ཁྲིད་ཚན་ཆུང་གི་ཁོངས་མིས་རང་འགན་གཙང་སྒྲུབ་སྒོས་འགན་གཉེར་ཁྱབ་ཁོངས་ཀྱི་དག་ཐེར་ལས་འགན་ནན་གྱིས་འཛིན་དགོས། དག་ཐེར་བྱ་བ་ནན་གྱིས་བཟུང་ནས་བསམ་བློའི་གོ་རྟོགས་གནད་དོན་དང་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་དང་། སྐོར་ཞིབ་དག་ཐེར་དང་ལོ་ལྔའི་འཆར་འགོད་བཅོ་ལྔའི་སྐབས་ཀྱི་བྱ་བ་འཆར་འགོད་བྱ་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་། འགོ་ཁྲིད་ཚན་ཆུང་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་ཐད་གནས་པའི་འབུར་ཐོན་གནད་དོན་ཡོ་བསྲང་བྱེད་པར་ཤུགས་སྣོན་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་དག་ཐེར་ལྟ་སྐུལ་ལ་ཤུགས་སྣོན་དགོས་ལ། ཡུལ་དངོས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དག་ཐེར་སླ་བཅོས་དང་དག་ཐེར་རྫུན་བཟོ་ལ་འགན་འཁྲི་འདྲི་གཅོད་ནན་མོ་བྱ་དགོས། སྐོར་ཞིབ་ལས་ཁུངས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ནན་གྱིས་བཟུང་ནས་རྗེས་འདེད་ལྟ་སྐུལ་ལ་ཤུགས་སྣོན་དགོས། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་སྐོར་ཞིབ་གྲུབ་འབྲས་ཡག་པོ་སྤྱད་དེ་སྲིད་ཇུས་ཀྱི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། ལས་རིགས་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་དགོས། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་དང་ཀྲུང་དབྱང་གིས་རིམ་སྤར་སྐོར་ཞིབ་བྱས་པའི་གྲོང་ཁྱེར་གྱི་དག་ཐེར་བྱ་བར་འབྲེལ་ཡོད་ཞིང་ཆེན་ཏང་ཨུས་འགོ་ཁྲིད་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས་པ་བསྟན།
རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་འགའི་གནད་དོན་ཡར་ཞུ་བྱས་པའི་ཁུངས་སྣེ་འབྱོར་ལ། གཏན་འབེབས་ལྟར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས། ཀྲུང་དབྱང་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་ཕྱོགས་ཀྱིས་ཐག་གཅོད་པར་རྩིས་སྤྲོད་བྱས།