ཀྲའོ་ལི་ཅི་ཡིས་ཧྥ་རན་སེའི་སྲིད་འཛིན་ལ་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10


རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས4ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་ཧྥ་རན་སེའི་སྲིད་འཛིན་མ་ཁི་ལུང་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས4ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་ཧྥ་རན་སེའི་སྲིད་འཛིན་མ་ཁི་ལུང་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་སྔ་དྲོར་སྐུ་ཞབས་སྲིད་འཛིན་དང་གྲོས་མོལ་གནང་ནས། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་རིམ་པ་རྗེས་མའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་བསྟན། ཀྲུང་གོས་ཧྥ་རན་སེ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་གཅིག་མཐུན་ལྟ་བ་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཧྥ་རན་སེ་བར་གྱི་ཕྱི་འབྲེལ་སྙིང་སྟོབས་དར་སྤེལ་གཏོང་བ། མཛའ་མཐུན་འགྲོ་འོང་ཇེ་ཟབ་དུ་གཏོང་བ། གཉིས་ཕན་མཉམ་ལས་ཟབ་སྤེལ་གཏོང་བ། མི་ཆོས་འགྲོ་འོང་ཆེར་བསྐྱེད་པ།  ཕྱོགས་མང་ཁྱབ་ཁོངས་ཀྱི་གྲོས་མོལ་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་བརླིང་དང་བཟང་ཕྱོགས་སུ་སྤེལ་འདོད་ཡོད་ལ།  ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥ་རན་སེའི་གྲོས་ཁང་གཉིས་དང་རིམ་པ་སོ་སོའི་འགྲོ་འོང་ཟབ་མོ་བྱེད་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།

མ་ཁི་ལུང་གིས་ཧྥ་རན་སེ་དང་ཀྲུང་གོས་ལྷག་བསམ་ཟོལ་མེད་དང་ནང་དོན་ཕུན་སུམ་ཚོགས་པའི་གྲོས་མོལ་གྱི་རྒྱུན་བསྐྱངས་ནས་གཅིག་མཐུན་ལྟ་བ་མང་པོ་གྲུབ།  ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོས་དཔལ་འབྱོར་དང་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་བརྩི་འཇོག་དང་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་ཟབ་སྤེལ་དང་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་གདོང་གཏད་དེ། ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བ་དོ་མཉམ་ངང་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལི་ཧུང་ཀྲུང་མཇལ་འཕྲད་ལ་ཞུགས།