

ཟླ12པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥ་རན་སེའི་སྲིད་འཛིན་མ་ཁི་ལུང་ལ་མཇལ་འཕྲད་གནང་།
ཟླ12པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥ་རན་སེའི་སྲིད་འཛིན་མ་ཁི་ལུང་ལ་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། དེ་རིང་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་མཇལ་འཛོམས་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་དང་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་དང་། ཆབ་སྲིད་ཀྱི་ཕན་ཚུན་ཡིད་རྟོན་སྲ་བརྟན་དུ་གཏོང་བ། ཕྱོགས་གཉིས་སྒོ་འབྱེད་རྒྱ་བསྐྱེད་དེ། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ད་ལྟ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་རྩོད་གཞི་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཕྱོགས་སོ་སོས་དུས་ཐོག་ཏུ་བསམ་ཚུལ་བརྗེ་རེས་དང་བསམ་ཤེས་གཏིང་ཟབ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག འགུལ་སྤྱོད་ཏན་ཏིག་གིས་སྤེལ་ནས་ཕན་ཚུན་བར་གྱི་ལུགས་མཐུན་དོ་ཁུར་ཐག་གཅོད་འོས་འཚམ་བྱེད་དགོས། ཧྥ་རན་སེ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་རོགས་རེས་ངེས་གནས་རྒྱུན་འཁྱོངས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་གཙོར་བཟུང་སྟེ། ཀྲུང་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་པར་སྲུང་སྐྱོབ་བྱ་དགོས་པའི་བླང་བྱ་བཏོན།
མ་ཁི་ལུང་གིས་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འགྲོ་འོང་དང་གླེང་མོལ་ལ་ཤུགས་བསྣན་ཏེ། དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། བསྐྱར་སྐྱེ་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རང་མོས་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་སྲུང་སྐྱོང་དང་། འཛམ་གླིང་གི་བཅོས་སྐྱོང་མ་ལག་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།