ཧྲང་ཧའེ་ཡིས་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག རང་བརྟེན་གསར་གཏོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་ས་མྱུར་འཛིན་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཐོན་དུ་འཇུག་དགོས། ཧྲང་ཧའེ་དང་ཁྲུང་ཆིན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཀྱི་འགྲན་ལམ་རྒྱ་སྐྱེད་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཧྲང་ཧའེ་ཀྲང་ཅང་དུ་ཚན་རྩལ་ཁེ་ལས་འདིས་ཀླད་འཕྲུལ་མཐུད་ཁའི་མ་ལག་དེ་ཚོད་ལྟ་ཁང་ནས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། རང་བརྟེན་ཞིབ་སྤེལ་བྱས་པའི་ལག་རྩལ་གསར་ཤོས་དེས་ནད་པའི་ཁམས་གསོའི་སྦྱོང་བརྡར་དང་ཡན་ལག་གི་ནུས་པ་སླར་གསོ་བྱ་རྒྱུར་རོགས་རམ་དེ་བས་ལེགས་པོ་བྱེད་ཐུབ། རིགས་པའི་གཞུང་ལུགས་ཞིབ་འཇུག་ནས་ཉེར་སྤྱོད་ཚོང་རའི་བར། ཧྲང་ཧའེ་ཡིས་མདུན་གྲལ་གྱི་འགྲན་ལམ་བཟུང་སྟེ། ཀླད་འཕྲུལ་མཐུད་ཁའི་ལག་རྩལ་མགྱོགས་མྱུར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། མ་འོངས་བར་ཀླད་འཕྲུལ་མཐུད་ཁའི་ཐོན་རྫས་དེ་བཟོ་ལས་བཟོ་སྐྲུན་དང་འཚོ་བའི་འཛད་སྤྱོད་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་རྒྱུ་ཡིན།

པོ་རུའེ་ཁང་ལག་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་མ་རྐང་བདག་པོ་ཞུས་ཧུང་ལའེ་ཡིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས་ཞེས་བཏོན་ཡོད་པ་དང་། ཀླད་འཕྲུལ་མཐུད་ཁ་སོགས་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་གྱུར་ནས། ང་ཚོར་དེ་བས་ཁ་གསལ་དང་དེ་བས་རྒྱུན་མཐུད་ཀྱི་གསར་གཏོད་ཁོར་ཡུག་ཅིག་མཐོང་དུ་བཅུག ང་ཚོས་གསར་གཏོད་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཇེ་ཆེ་རུ་བཏང་ནས་ཚད་ལྡན་ཅན་དང་ཐོན་ལས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་། ཧྲང་ཧའེ་ཡིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩལ་བ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་མིས་བཟོས་རིག་ནུས་དང་། སྐྱེ་དངོས་སྨན་རྫས། འདུས་གྲུབ་གློག་ལམ་བཅས་སྔོན་ཁྲིད་ཐོན་ལས་ཆེན་པོ་གསུམ་གྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱས་ཡོད་པ་དང་། རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཚད་84.5%འཕར་ནས་གསར་གཏོད་ཀྱི་གྲུབ་འབྲས་དེ་ཚོད་ལྟ་ཁང་ནས་ཐོན་ལས་བཀོལ་སྤྱོད་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཧྲང་ཧའེ་ཡིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཏེ། འཛམ་གླིང་གི་འགྲན་རྩོད་ནུས་ཤུགས་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་ཁོར་ཡུག་མགྱོགས་མྱུར་སྒོས་བསྐྲུན་དགོས།

ཧྲང་ཧའེ་གྲོང་ཁྱེར་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཡུས་ཆིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ཧྲང་ཧའེ་ཡིས་གོ་སྐབས་དམ་འཛིན་བྱས་ཏེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་སྒོས་བསྐྲུན་དགོས། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཧྲང་ཧའེ་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཚན་རྩལ་གསར་གཏོད་ཀྱི་ཇུས་འགོད་བྱེད་ནུས་ཆེ་རུ་གཏོང་དགོས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གནད་སྒྲོལ་བར་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་དགོས་ཟེར།

ཁྲུང་ཆིང་མཐོ་གསར་ཁུལ་དུ། རིག་ནུས་དྲ་བའི་མཉམ་འབྲེལ་རླངས་འཁོར་གསར་སྤེལ་ཚོགས་པ་འདིས“རླངས་འཁོར་དང་ལམ། དྲ་བ། དཔེ་རིས”བཅས་གཞི་གཅིག་ཅན་གྱི་འགག་རྩའི་ལག་རྩལ་སྤྱོད་རྒྱ་ཆེ་རུ་གཏོང་བཞིན་ཡོད། གྲོང་ཁྱེར་རིམ་པའི་དྲ་ལམ་ཚོད་འཛིན་སྟེགས་བུ་དང་རིག་ནུས་དྲ་རྒྱའི་མཉམ་འབྲེལ་རླངས་འཁོར་གྱི་གཞི་གྲངས་འབྲེལ་མཐུད་བྱས་པ་རེད། བརྡ་རྟགས་གློག་སྒྲོན་རིག་ནུས་ཚོད་འཛིན་དང་། རླངས་འཁོར་གྱི་མྱུར་ཚད་འགུལ་རྣམ་ལེགས་སྒྱུར་སོགས་དྲ་འབྲེལ་བྱེད་ནུས་རིགས11ཆགས་པར་བྱ་དགོས། རིག་ནུས་རླངས་འཁོར་དེ་རང་ངོས་ཀྱི་རེག་བརྡ་སོགས་ཤེས་ཚོར་ནུས་པའི་བཀག་རྒྱ་ལས་བརྒལ། ལག་རྩལ་འདིར་གཞིགས་ནས་རྒྱལ་ཁབ་ཕྱི་ནང་གི་རླངས་འཁོར་ཁེ་ལས15ཡིས་ཁྲུང་ཆིང་དུ་རླངས་འཁོར་ལ་ཚད་ལེན་ཚོད་ལྟ་བྱས།

ནུབ་རྒྱུད་ཚན་རིག་གྲོང་རིག་ནུས་དྲ་བའི་མཉམ་འབྲེལ་རླངས་འཁོར་གསར་གཏོད་ལྟེ་གནས་ཀྱི་འགན་ཁུར་པ་ཁྲུའུ་ཝུན་པོ་ཡིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་མི་ཐབས་རིག་ནུས་ལ་བརྟེན་ནས་གྲངས་རིག་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་སྟངས་ལ་ཤུགས་སྣོན་རྒྱག་དགོས། ཐོན་ལས་མུ་ཕྲེང་མཐུན་སྦྱོར་དང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ་རང་བདག་གསར་གཏོད་བྱེད་ནུས་ལ་བརྟེན་པ་དང་། ཁྲུང་ཆིང་གི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁག་ཅིག་གཅིག་སྡུད་ཐོག་སྟོབས་ཆེར་ཕྱིན་ནས་རིག་ནུས་དྲ་སྦྲེལ་གྱི་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་འབབ་2024ལོར་དགུ་འབུམ་ལྔ་ཁྲི་སུམ་སྟོང་ཟིན་པ་དང་། ལག་ཁྱེར་གློག་ཀླད་ཀྱི་ཐོན་ཚད་ལོ་11ལ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་། ནུས་ཆེའི་ཧ་ཡང་བསྲེས་ལྕགས་རྒྱུ་ཆ་དེ་C919རྟགས་ཅན་གྱི་གནམ་གྲུ་ཆེ་གྲས་ལ་སྤྱད་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ནས་ག་རིམ་རྗེས་མར། ཁྲུང་ཆིང་གིས་ནུས་ཤུགས་ཡོད་རྒུས་ནུས་ཁུངས་གསར་པའི་རླངས་འཁོར་ལྟེ་བར་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཏོད་དེ། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་རེད།

ཁྲུང་ཆིང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་འཆར་འགོད་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲོའུ་དབྱང་གིས་བཤད་རྒྱུར།

ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཇུས་འགོད་བྱས་པ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུར་དེ་བས་གཙིགས་ཆེན་དང་སྤུས་ཚད་དང་ཕན་འབྲས་ལ་དེ་བས་གཙིགས་ཆེན་བྱེད་དགོས། ཐོན་ལས་དེ་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་བྱས་རྗེས་གསར་པ་འབུལ་དགོས་ཟེར།