ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་ཐད་འཕེལ་རྒྱས་ཆེན་པོ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། རང་རྒྱལ་གྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། གཙོ་གནད་སྲུང་སྐྱོབ་ཀྱི་སྐྱེ་དངོས་རིགས་མང་ཆེ་བར་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད།

རང་རྒྱལ་ནི་འཛམ་གླིང་ཡོངས་ཀྱི་རྩི་ཤིང་སྣ་མང་རང་བཞིན་གྱི་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་། ས་གནས་དེ་རུ་སྲུང་སྐྱོབ་དང་གནས་སྤོ་སྲུང་སྐྱོབ་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་བརྒྱུད།  རྒྱལ་ཡོངས་ཀྱི་མཐོ་རིམ་རྩི་ཤིང་ཁྱུ་ཚོགས་བརྒྱ་ཆའི65དང་། རྒྱལ་ཁབ་ཀྱིས་གཙོ་བཟུང་ནས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་རྩི་ཤིང་བརྒྱ་ཆའི80ལ་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད། སྟོངས་ལ་ཉེ་བའི་རྩི་ཤིང300ལྷག་སླར་གསོ་བྱེད་ཐུབ་པ་བྱུང་ཡོད།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། སྐོར་ཐེངས་ཐོག་མར་བཙུགས་ཟིན་པའི་རྒྱལ་ཁབ་སྤྱི་གླིང5ཡིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་རིགས141ལ་སྲུང་སྐྱོབ་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཕྱི་རོལ་དུ་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་གི་གདོད་མའི་སྲུང་སྐྱོབ་ས་ཚིགས300ལྷག་བསྐྲུན་པས། འཚོ་གནས་ཁུལ་གྱི་ཆ་ཚང་རང་བཞིན་དང་བརྒྱུད་སྦྲེལ་རང་བཞིན་ཇེ་ལེགས་སུ་ཕྱིན་ནས་རིགས་ཁྱུའི་རི་སྐྱེས་རྩི་ཤིང་སྣ་ཁ100ལྷག་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ཐོབ་ཡོད་པ་རེད། དུས་མཚུངས་སུ། རྒྱལ་ཁབ་ཀྱི་རྩི་ཤིང་ལྡུམ་ར་དང་ཧྭ་ལྷོ་རྒྱལ་ཁབ་རྩི་ཤིང་ལྡུམ་ར་ལྟེ་བར་བྱས་པའི་གནས་སྤོ་སྲུང་སྐྱོབ་མ་ལག་ཚན་རིག་དང་མཐུན་པའི་སྒོ་ནས་བཙུགས་པས། དེས་གཞི་ཁྱོན་ཆེ་བའི་སོན་རྒྱུའི་ཐོན་ཁུངས་ཉར་ཚགས་དང་ཚན་ཞིབ་འགག་སྒྲོལ་ལ་འགན་ལེན་མཁོ་འདོན་བྱས་ཡོད། ད་ལྟ།  རྒྱལ་ཁབ་ཀྱི་རྩི་ཤིང་སོན་རྒྱུའི་ཐོན་ཁུངས་མཛོད་དེ་ལེགས་འགྲུབ་འབྱུང་ལ་ཉེ། ཇུས་འགོད་ལྟར་ན། དེ་རུ་སྐྱེ་དངོས་རིགས་ཁྲི7ཉར་ཚགས་བྱེད་ཐུབ་པ་དང་། མ་འོངས་པར་རྒྱལ་ཁབ་སྤྱི་གླིང་མ་ལག་དང་མཉམ་དུ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་རྣམ་པ་གསར་པ་ཆགས་པར་བྱ་རྒྱུ་རེད།

རྒྱལ་ཁབ་རྩི་ཤིང་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་རན་གྱིས་བཤད་རྒྱུར། ང་ཚོས་མ་འོངས་པའི2035ལོའི་བར་དུ། སྐྱེ་དངོས་རིགས་སྣ་ཚོགས་འཚོལ་བསྡུ་བྱེད་པའི་ཐད་ནས་འཛམ་གླིང་གི་རྩེ་གྲའི་རྩི་ཤིང་ར་བ་དང་བསྡུར་རྒྱུ་ཡིན་ལ། ཤོང་ཚད་སྐྱེ་དངོས་རིགས་ཁྲི་གསུམ་གྱི་ཚད་གཞིར་སླེབས་དགོས། དུས་མཚུངས་སུ་ཀྲུང་གོའི་སྟོངས་ལ་ཉེ་བའི་རྩི་ཤིང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་དགོས་ཟེར།