ཝང་ཧུའུ་ཉིང་གིས་ཨུ་རུ་སུའི་དྲང་གཞག་ཨུ་རུ་སུའི་ཏང་གི་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 80

ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཨུ་རུ་སུའི་དྲང་གཞག་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་སྨི་ལུའོ་ནའོ་ཧྥུའུ་ཡིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་། ཝང་ཧུའུ་ཉིང་གིས་བསྟན་དོན།  ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཐུབ་པར་བྱས་ནས། རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མིག་དཔེ་བཙུགས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་དང་། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ལ། ཏང་བར་གྱི་འགྲོ་འོང་མང་དུ་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ཡར་རྒྱས་གསར་པ་ལེན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་བྱས་རྗེས་གང་ལེགས་འཇོག་འདོད་ཡོད།

སྨི་ལུའོ་ནུའོ་ཧྥུའུ་ཡིས་བསྟན་དོན།  ད་ལོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ80འཁོར་བའི་ལོ་ཡིན།  སྲིད་འཛིན་ཕུའུ་ཅིན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ཕན་ཚུན་འཚམས་འདྲི་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་གྲོས་ཁང་སོགས་ཀྱིས་ཕན་ཚུན་སྤེལ་རེས་གང་མང་བྱས་ཏེ། ཕྱོགས་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་སོགས་ཀྱི་མཉམ་ལས་འཕེལ་ཕྱོགས་བཟང་བ་མ་ཟད།  འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྲུང་སྐྱོང་ནུས་ལྡན་བྱས། དྲང་གཞག་ཨུ་རུ་སུའི་ཏང་གིས་ཀྲུང་གུང་བར་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་དང་མཛའ་མཐུན་ལ་སྒུལ་ཤུགས་གསར་པ་མཁོ་འདོན་བྱེད་འདོད་ཡོད།

ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།