
ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས།
ཚོགས་ཞུགས་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་དགེ་མཚན་བེད་སྤྱོད། འགྲན་སློང་ལ་གདོང་གཏོད་པ་བཅས་བྱེད་དགོས་ལ། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་གནས་བབ་བཟང་བོ་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པར་འབད་པ་བྱེད་དགོས་པ་བསྟན།
ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་བསྟན་དོན། རང་རྟོགས་སྒོས་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་གནས་བབ་ལ་བརྡར་ཤ་གཅོད་པའི་སྟེང་གཅིག་གྱུར་ཡོང་བར་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱེད་དགོས་ལ། མ་འོངས་པའི་འཕེལ་རྒྱས་ལ་བཅངས་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས།
ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ་ཏང་ཀྲུང་དབྱང་གིས་བསྡུས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་། ང་ཚོས་ཡིད་ཆེས་ཇེ་བརྟན་དང་འབད་འབུངས་ཡར་བརྩོན་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོ་རྩོམ་པར་དོན་སྙིང་གལ་ཆེན་ལྡན།
ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞུས་ཁུན་ལིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཟབ་ལ་མཐོང་རྒྱ་ཡངས་ཤིང་། བསམ་བློ་གཏིང་ཟབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལ་ཇི་ལྟར་ལྟ་བ་དང་དེང་ཕྱིན་གྱི་དཔལ་འབྱོར་བྱ་བ་ཇི་ལྟར་སྒྲུབ་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ལན་བཏབ་སྟེ། ང་ཚོས་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་པར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གོ་སྐབས་འདི་དམ་འཛིན་བྱས་ཏེ། ཡུལ་བབ་དང་བསྟུན་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས། ལེའོ་ཉིང་གི་དཔལ་འབྱོར་གྲུབ་ཚུལ་ཇེ་ལེགས་དང་། འཕེལ་རྒྱས་ལ་སྔར་ལས་མཉེན་ཆ་དང་སྔར་ལས་རྒྱུན་མཐུད་རང་བཞིན་ལྡན་པར་བྱེད་དགོས།
ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་གཙོ་ཕན་ཀུང་ཧྲེང་གིས་བཤད་རྒྱུར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུས་སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་པར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས། མི་དམངས་དངུལ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་ཡག་པོ་བྱེད་རྒྱུ་དང་། སྲིད་ཇུས་ལག་བསྟར་བྱེད་ཤུགས་དང་མྱུར་ཚད། གོ་སྐབས་བཅས་དམ་འཛིན་ཡག་པོ་བྱས་ནས། དཔལ་འབྱོར་འཕར་སྣོན་དང་དངུལ་རྩའི་ཁྲོམ་རའི་འཁོར་སྐྱོད་བརྟན་རླིང་ལ་དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་བཟང་པོ་བསྐྲུན་ངེས། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱས་ནས། དངུལ་རྩའི་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས། དངུལ་རྩའི་ལས་རིགས་ཀྱི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱས་ཏེ། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།
ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས2026ལོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་གནས་བབ་གལ་ཆེན་ཤེས་རྟོགས་བྱས་ཏེ། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ལ། སང་ལོའི་དཔལ་འབྱོར་བྱ་བའི“རྒྱུན་འཁྱོངས་བརྒྱད”ཀྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པར་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱེད་དགོས།
ཧོ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཉི་ཡའེ་ཧྥེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་མ་ཟད། གདེང་ཚོད་ཇེ་དྲག་ཏུ་བཏང་ལ། ངར་ཤུགས་འཕེལ་དུ་བཅུག ཧོ་པེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ངེས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན། བསམ་བློ་བཅིངས་འགྲོལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་དང་མཛེས་པའི་ཧོ་པེ་གང་མགྱོགས་སྒོས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཧོ་པེ་ཡི་ལེའུ་ནུས་ཤུགས་གང་ཡོད་ཀྱིས་འབྲི་དགོས་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པར་ཁེག་ཐག་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་སྟོབས་ཤུགས་འབུལ་ངེས།
ཧྲན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཐང་ཏིན་ཅེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ཞིང་ཐབས་ཇུས་ཀྱིས་འདང་ལ། ང་ཚོའི་སྣེ་ཁྲིད་དེ་ལོ་རྒྱུས་དེབ་ཐེར་དུ་བཀོད་ཆོག་པའི་དོན་ཆེན་མང་པོ་བསྒྲུབས། ང་ཚོ་བློ་བརྟན་འགྱུར་མེད་སྒོས“གཏན་འཁེལ་གཉིས”གོང་བཀུར་དང་“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་ལངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ཧྲན་ཞི་ཡི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཏེ། ཚུལ་སྒྱུར་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་དགོས་ཤིང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་དང་ལུགས་མཐུན་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་དགོས།
ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀུང་ཀྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས་སྐུལ་མ་ཆེན་པོ་ཐེབས་པ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཧྲང་ཧའེ་ཡིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་ནས། ཀྲུང་དབྱང་གིས་སྤྲད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ངེས། ང་ཚོས“ལྟེ་གནས་ལྔ་”འཛུགས་སྐྲུན་བྱ་རྒྱུ་ལས་འགན་གཙོ་བོར་བཟུང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་ལས་དོན་ལ་སྣེ་ཁྲིད་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་རྩོམ་པར་འབད་པ་བྱེད་དགོས།