ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཡུལ་དངོས་ཀྱི་མཐོང་ཐོས། “མཛེས་པའི་ཐོན་ལས”རྣམ་པར་བཞད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་དེ། ཡུལ་བབ་དང་བསྟུན་ནས་ཞིང་སྡེ་འཛུགས་སྐྲུན་གྱི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། རིགས་དབྱེ་གོ་རིམ་ལྡན་པ་དང་ཡུག་ཁུལ་ཅན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་པ་བཏོན།  ཉེ་ཆར་གསར་འགོད་པས་ཧྲན་ཏུང་ཅིས་རྫོང་ཀྲའོ་ཞན་གྲོང་རྡལ་གྱི་གྲོང་གསེབ་དར་སྤེལ་ཁུལ་ནས་ས་དེ་གར“མཛེས་པའི་ཐོན་ལས་ཇེ་མང་དུ་འགྲོ་བཞིན་པ་ཤེས།

གསར་འགོད་པ་ཧྲན་ཏུང་ཅིས་རྫོང་ཀྲའོ་ཞན་གྲོང་རྡལ་གྱི་གྲོང་གསེབ་དར་སྤེལ་ཁུལ་དུ་ཐོན་པ་ན། མེ་ཏོག་ལ་ཐུམ་རྒྱག་པའི་འགྲན་བསྡུར་སྤེལ་བཞིན་པར་འཁེལ།  འགྲན་ཞུགས་པ་ཚང་མ་ནི་ཡུག་ཁུལ་དུ་མེ་ཏོག་སོས་མའི་ཐོན་ལས་གཉེར་བའི་ཞིང་དུད་ཡིན་ལ། ཁོ་མོ་ཚོས་འགྲན་དགོས་པ་ནི་སུས་མེ་ཏོག་ཐུམ་སྒྲིལ་ཡག་པོ་བྱེད་ཐུབ་པ་མ་ཟད་མེ་ཏོག་ལ་ཡང་གནོད་པ་མི་བཟོ་བ་དེ་ཡིན།

ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ཅིས་རྫོང་ཀྲའོ་ཞན་གྲོང་རྡལ་གྲོང་གསེབ་དར་སྤེལ་ཁུལ་གྱི་ཞིང་པ་སུང་དབྱི་ཅའོ་ཡིས་བཤད་རྒྱུར།ང་ཚོས་རིགས་དབྱེ་ནས་ཐུམ་རྒྱབ་པ་ཡིན་ལ། དེ་བྱས་ན་མེ་ཏོག་གི་རིན་ཐང་ཇེ་མཐོར་སོང་ནས།  ང་ཚོས་བཙོང་བའི་རིན་གོང་ཡང་མཐོ། ང་ཚོའི་སེམས་ཤུགས་ཀྱང་ཇེ་མཐོ་ནས་ཇེ་མཐོ་རེད།

ཀྲའོ་ཞན་གྲོང་རྡལ་དུ་རྒྱ་སེ་མེ་ཏོག་འདེབས་འཛུགས་བྱེད་པའི་སྲོལ་ཡོད་ནའང་ལོ་ལྔའི་སྔོན་དུ་གཞི་ཁྱོན་ཆུང་བ་དང་ཐ་ཐོར་དུ་ཡོད་པ། སྦྲེལ་ཐག་ཐུང་བ་བཅས་ཀྱི་དབང་གིས། སྣ་ཁ་དང་སྤུས་ཚད། ཟོང་རྟགས་བཅས་ཀྱི་ཆུ་ཚད་ཅུང་དམའ་ལ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད། འདི་ལྟ་བུའི་དཀའ་གནད་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་གནས་ཡོད། གྲོང་གསེབ་འཕེལ་རྒྱས་ཀྱི་དཀའ་ཁག་འདི་སེལ་ཆེད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཞིང་ལས་དེང་རབས་ཅན་དཔེ་སྟོན་ཁུལ300དང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང200བསྐྲུན་ནས། ཞིང་ཆེན་ཁག་ཅིག་ཏུ་ཡུག་ཁུལ་ཅན་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་འཚོལ་ཞིབ་བྱས། ཧྲན་ཏུང་གིས་བསྡོམས་རྩིས་བྱས་ན་གྲོང་གསེབ་དར་སྤེལ་ཁུལ2070བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ་གསུམ་ཆའི་གཅིག་ལ་ཁྱབ་ཡོད།

ཧྲན་ཏུང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་ཐིང་ཀྲང་གཞོན་པ་སུང་ཝུན་ཧྭ་ཡིས་བཤད་རྒྱུར། ས་ཁུལ་གྱི་ཐོན་ལས་མཉམ་འདྲེས་དང་སྤྱི་པའི་ཞབས་ཞུའི་བཀོད་སྒྲིག་ལེགས་གཏོང་། རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་ནས།  གོ་རིམ་བསྒྲིགས་ཏེ་རེ་རེ་བཞིན་དམ་འཛིན་བྱས་ལ། དམ་འཛིན་བྱས་པ་ཚང་མ་ལེགས་འགྲུབ་བྱུང་།  ཀྲའོ་ཞན་གྲོང་རྡལ་གྱིས་བར་ཐག་ཉེ་བ་དང་ཐོན་ལས་ཕན་ཚུན་ལ་འབྲེལ་བ་ཡོད་པའི་སྡེ་བ6ཡུག་ཁུལ་གཅིག་ཏུ་གྲུབ་པར་བྱས་ནས། སྡེ་བ་སྟོབས་ཆེན་དག་གིས་སྡེ་བ་ཉམས་ཆུང་གི་སྣེ་ཁྲིད་དེ། མེ་ཏོག་སོས་མའི་ཐོན་ལས་འཕེལ་རྒྱས་བཏང་།  གྲོང་གསེབ་ཀྱི་ཐོན་ལས་སྟོབས་ཆེར་བཏང་བའི་དུས་མཚུངས་སུ། ཡུག་ཁུལ་གྱིས་ད་དུང་ཞིང་སྡེའི་བགྲོད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག སྤྱི་པའི་ཞབས་ཞུ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་།

ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ཅིས་རྫོང་ཀྲའོ་ཞན་གྲོང་རྡལ་གྲོང་གསེབ་དར་སྤེལ་ཁུལ་གྱི་ཞིང་པ་ཝང་ཞིང་ཧྥང་གིས་བཤད་རྒྱུར།སྔོན་ཆད་ང་ཚོ་ཕྱི་རུ་ཞོར་ལས་ལ་སོང་ནས་སྒོར་མོ་བཙལ་བ་ཡིན། ལོ་ལྔ་པོ་འདིའི་རིང་ལ་ང་ཚོ་ཕྱི་རུ་ཞོར་ལས་བྱེད་དུ་སོང་མ་མྱོང་ལ། ང་ཚོར་རང་ཉིད་ཀྱི་ཐོན་ལས་དང་སྒོར་མོ་བཙལ་ས་ཡོད།

ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ཅིས་རྫོང་ཀྲའོ་ཞན་གྲོང་རྡལ་གྲོང་གསེབ་དར་སྤེལ་ཁུལ་གྱི་ཞིང་པ་སུང་ཧྲི་ཧྥེང་གིས་བཤད་རྒྱུར།ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ང་ཚོའི་སྡེ་བར་མཚོན་ནའང་འཕེལ་རྒྱས་ཆེན་པོ་བྱུང་ལ། སྡེ་བའི་བར་གཞུང་ལམ་ཤར་གཏོང་བྱས་པ་མ་ཟད། གསང་སྤྱོད་སྒྱུར་བཀོད་བྱས་ནས། སྡེ་བའི་ཁོར་ཡུག་ཇེ་ལེགས་སུ་སོང་ལ། འཚོ་བའི་བདེ་སྐྱིད་སྟོན་གྲངས་ཀྱང་མཐོར་འདེགས་ཆེན་པོ་བྱུང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། རང་རྒྱལ་གྱིས་འཚོ་སྡོད་ལས་ཞུགས་ལ་འཚམ་པའི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རིགས་དབྱེ་གོ་རིམ་ལྡན་ཞིང་། ཡུག་ཁུལ་ཅན་གྱི་སྒོ་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡོང་ཚད་དང་། སྤྱི་པའི་ཞབས་ཞུ་སྟབས་བདེ་ཡོང་ཚད། འཚོ་སྡོད་ཁོར་ཡུག་གི་བདེ་སྣང་ཚད་བཅས་རིམ་བཞིན་ཇེ་མཐོར་གཏོང་ངེས།  འདིས་ཞིང་བ་མང་པོར་མ་འོངས་པའི་བདེ་སྐྱིད་འཚོ་བར་རེ་ལྟོས་གསར་བས་ཁེངས་སུ་བཅུག

ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ཅིས་རྫོང་ཀྲའོ་ཞན་གྲོང་རྡལ་གྲོང་གསེབ་དར་སྤེལ་ཁུལ་གྱི་ཞིང་པ་སུང་ཝུའེ་ཕེང་གིས་བཤད་རྒྱུར།ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ངའི་རེ་བར་ང་ཚོའི་མེ་ཏོག་སོས་མའི་ཐོན་ལས་ལ་སྐད་གྲགས་ཆོད་པའི་ཟོང་རྟགས་ཡོད་པ་དང་ཐོན་ལས་སྦྲེལ་ཐག་དེ་བས་འཐུས་སྒོ་ཇེ་ཚང་དུ་སོང་ནས། ང་ཚོའི་མེ་ཏོག་དེ་བས་ཐག་རིང་ཡུལ་དུ་འཚོང་ཐུབ་པ་དེ་ཡིན།

ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ཅིས་རྫོང་ཀྲའོ་ཞན་གྲོང་རྡལ་གྲོང་གསེབ་དར་སྤེལ་ཁུལ་གྱི་འགན་འཁུར་བ་ཀྲོང་ཝུན་ཐའོ་ཡིས་བཤད་རྒྱུར།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ང་ཚོས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་གང་མགྱོགས་སྒོས་སྐུལ་འདེད་བཏང་ནས། ང་ཚོའི་རྒྱ་སེ་མེ་ཏོག་གི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ངེས། དུས་མཚུངས་སུ་འཚོ་སྡོད་ཁོར་ཡུག་ཇེ་ལེགས་དང་། གཞུང་ལམ་དྲ་བ་དང་ཆུ་དྲ་སོགས་རྨང་གཞིའི་སྒྲིག་བཀོད་དང་།  འཕྲོད་བསྟེན་ཁང་སོགས་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་སྒོས་གསབ་ནས། ང་ཚོའི་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་དེ་བས་མང་བ་ཡོད་པར་བྱེད་ངེས།