ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཟླ12པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་། ཟླ12པའི་ཚེས8ཉིན་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ། ཟླ12པའི་ཚེས3ཉིན་གྱི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཏེ་དོན་འཁྱོལ་བྱས།

ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ཁྲོད། མིག་སྔའི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞུང་ལུགས་དང་ལག་ལེན་གྱིས་གནད་དོན་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་བྱས་ལ། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། སྲིད་ཇུས་སྤྱོད་ཕྱོགས་དང་གཙོ་གནད་ལས་འགན་བཅས་གསལ་བར་བྱས་པ་དང་། ཏང་གིས་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པར་བླང་བྱ་གལ་ཆེན་བཏོན་པར། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་དང་།     དེས་མིག་སྔའི་དཔལ་འབྱོར་བྱ་བ་ལེགས་པར་སྒྲུབ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་པར་ཁག་ཐེག་བྱེད་ཆེད་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་ནན་ཏན་བྱེད་པ་དང་།     གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ།     མགྱོགས་མྱུར་སྒོས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས།     ཏང་ཀྲུང་དབྱང་གིས་ཀྲུང་གོའི་དཔལ་འབྱོར་ལ་འགོ་ཁྲིད་བྱས་ཏེ་གནོན་ཤུགས་ཐེག་ནས་མདུན་སྐྱོད་བྱེད་པ་དང་།     གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་ན། རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་ནས།  “གཏན་ཕབ་གཉིས” ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།   “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས་པར་ངོས་འཛིན་གང་ལེགས་བྱེད་དགོས། གནས་བབ་གསར་པའི་འོག་དཔལ་འབྱོར་བྱ་བ་ལེགས་པར་སྒྲུབ་པའི“ངེས་པར་དུ་ལྔའི”ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་།     བརྟན་ཐོག་ཡར་འཕེལ་དང་སྤུས་འབྲས་ལེགས་གཏོང་རྒྱུན་འཁྱོངས་བྱས་ཏེ།   ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་འཛུགས་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བླང་བྱར་དམིགས་གཏད་དཔེ་སྡུར་བྱས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ2026ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཆར་འགོད་ཡག་པོ་བྱེད་དགོས།  རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་གནས་བབ་མཚོན་པར་བྱེད་པ་དང་།  ཧུར་བརྩོན་དང་ཕན་ནུས་ལྡན་པའི་འགན་འཁུར་དང་བྱ་སྤྱོད་མཚོན་པར་བྱེད་པ།    གོང་འཕེལ་གྱི་རྣམ་པ་དང་སྤུས་ཚད་མཐོ་རུ་གཏོང་བ་མཚོན་པར་བྱེད་པ་བཅས་ལ་མཐོང་ཆེན་བྱས་ཏེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་སེམས་ཤུགས་གཅིག་ཏུ་བསྡུས་ནས།     སྤྱི་ཚོགས་ཀྱི་སྔོན་དཔག་དང་དཔལ་འབྱོར་འཁོར་སྐྱོད་གེགས་མེད་ཡོང་བར་སྣེ་ཁྲིད་བྱས་ནས། མང་ཚོགས་དང་ཁེ་ལས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས།“རྒྱུན་འཁྱོངས་བརྒྱད”ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ།  དངུལ་གཏོང་གི་ཕན་ནུས་རྒྱ་བསྐྱེད་པ་དང་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྲིད་ཇུས་གསར་པ་བཀོལ་སྤྱོད་ལེགས་པོ་བྱས་ནས།     འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་གཏོང་དགོས།  མི་ཐབས་རིག་ནུས་དེ་འགག་རྩའི་འགྱུར་ཚད་དུ་དམ་འཛིན་བྱས་ནས། གློག་རྩིས་མཉམ་འདྲེས་དང་ཚྭ་མཚོའི་ཐོན་ལས། གནམ་རིག་ལྟ་འཇལ་སོགས་ཀྱི་ཁྱབ་ཁོངས་སུ་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་བསྐྲུན་དགོས། བཅོས་སྒྱུར་གྱི་བྱེད་ཐབས་སྤྱད་དེ་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་མེད་པར་བཟོ་བ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས།     “གནས་བརྒལ་དཔལ་འབྱོར”སོགས་མཉམ་ལས་བྱེད་སྟངས་གསར་སྐྲུན་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་བསྡུ་བ་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཁར་གྲོང་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས།     “ཐཱན་གཉིས”ལ་བརྟེན་ནས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པར་སྣེ་ཁྲིད་བྱས་ཏེ།    རང་ཞིང་གི་ལྗང་མདོག་གློག་ཤུགས་ཀྱི་ཁྱད་སྟོབས་མགྱོགས་མྱུར་ངང་ཐོན་ལས་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་དང་ཡིད་དབང་འགུག་ནུས་སུ་བསྒྱུར་དགོས།  སྔར་ལས་ལྷག་པའི་སྒོ་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། ཧུར་ཐག་གིས་མི་དམངས་མང་ཚོགས་ལ་དོན་དངོས་མང་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་བུན་སེལ་སྲིད་ཇུས་རབ་དང་རིམ་པ་བེད་སྤྱོད་གང་ལེགས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཧུར་ཐག་གིས་སེལ་དགོས།

གྲོས་ཚོགས་ལས་ཏང་གིས་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་།  ལམ་ལུགས་དང་རྐྱེན་སྲོལ་དོན་འཁྱོལ་བྱ་རྒྱུར་ཤུགས་བསྣན་ཏེ། ཏང་ཡོན་ལས་བྱེད་པས་དྲིན་ཤེས་པ་དང་བརྩེ་སེམས་ཡོད་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ནས་སྲིད་འབྲས་ལྟ་བ་ཡང་དག་དང་བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་བཟང་པོ་དང་འབད་འབུངས་ཆེར་སྐྱེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། དངོས་ཡོད་བྱ་བའི་ཁྲོད་གྲུབ་འབྲས་སྔར་ལས་ལེགས་པོ་བརྩོན་ལེན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་བླང་བྱ་བཏོན།

ཤ་བོ་རིན་མཚོས་བསྒྱུར།