

ཟླ12པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་སྙན་ཞུ་ཕུལ་བར་ཡོང་བའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས16ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧའེ་དབྱིན་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་སྙན་ཞུ་ཕུལ་བར་ཡོང་བའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་བ་དང་། ཚེན་ཧའོ་ཧུའེ་ཡིས་ཨའོ་མོན་གྱི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་གསན།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་གཅིག་གི་རིང་། སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཡིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་སྒྲུབ་དོན་གཉེར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བྱས་ཤིང་། ཨའོ་མོན་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བརྒྱད་པའི་འདེམས་བསྐོ་བདེ་བླག་ངང་བསྡུས་ནས་སྤྱི་པའི་སྲིད་འཛིན་བཅོས་སྒྱུར་ལ་སྐུལ་འདེད་བཏང་། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་ས་ཁུག་ཆེན་མོའི་འཛུགས་སྐྲུན་ཁྲོད་ཞུགས་ཏེ། བྱ་གཞག་སོ་སོ་གོང་འཕེལ་འབྱུང་བར་བྱས་ཡོད། ཀྲུང་དབྱང་གིས་ཚེན་ཧའོ་ཧུའེ་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་གིན་ཡོད།

ཟླ12པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་སྙན་ཞུ་ཕུལ་བར་ཡོང་བའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཀྱི་འཆར་གཞི་བཀོད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ནས། ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”རང་འགུལ་གྱིས་སྦྲེལ་མཐུད་བྱས་ཏེ། སྲིད་འཛིན་གྱིས་གཙོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་སྣ་མང་ཅན་དུ་འཕེལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། བཅོས་སྐྱོང་གི་ཕན་ནུས་མུ་མཐུད་དུ་ཇེ་ཆེར་བཏང་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྔར་ལས་མཉམ་འདྲེས་ཐུབ་པར་ཞབས་ཞུ་ལེགས་པོ་སྒྲུབ་དགོས།
ལི་ཆང་དང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཀན་ཅེ། ཁྲེན་ཝུན་ཆིང་། ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།