ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་སྟེང“མཐོ་ས་ལྔ”འཛུགས་བསྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས།  ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

ཟླ1པོའི་ཚེས4ཉིན།  ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་ཟི་ལིང་གྲོང་ཁྱེར་དུ་བསྡུས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད་དེ།  ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ།  གསར་ཏུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི་བྱ་བའི་སྲོལ་ཡིག》ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་།  སྤུས་ཚད་ཀྱིས་སློབ་གྲྭ་སྐྱོང་བ་དང་།  འཇོན་མིས་སློབ་གྲྭ་སྟོབས་ལྡན་དུ་གཏོང་བ།  སློབ་གྲྭ་ནན་གྱིས་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ།  “མཐོ་ས་ལྔ”འཛུགས་བསྐྲུན་བྱེད་པ་གཙོ་གནད་དུ་འཛིན་པ་དང་།  རྒྱུན་མཐུད་ངང་ཏང་གི་སློབ་གྲྭའི་བྱ་བའི་ཚན་རིག་ཅན་དང་།  ལམ་ལུགས་ཅན།  ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོར་གདེགས་བཏང་ནས།  ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འབད་པས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱས།

ཝུའུ་ཞའོ་ཅུན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།  ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམ་འདྲི་བྱས་པ་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས།  ཁོས་བསྟན་དོན།  ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས།  སྔར་ལས་རང་རྟོགས་ཀྱིས་ཏང་གི་སློབ་གྲྭའི་ཏང་གཤིས་རྒྱུན་འཁྱོངས་བྱས་ཏེ།  ཏང་གི་སློབ་གྲྭའི་བྱ་བའི་རང་བཞིན་དང་ངེས་གནས།  འགན་འཁྲི་དང་འོས་འགན།  ཚན་རིག་གི་ཐབས་ལམ་བཅས་དམ་འཛིན་དང་གོ་བ་གཏིང་ཟབ་བླངས་ཤིང་།  དར་ཆ་མཐོན་པོར་བསྒྲེངས་ནས་ཆབ་སྲིད་གླེང་བ་དེ་སློབ་གཉེར་གྱི་ལས་རིམ་སོ་སོར་ཁྱབ་པར་བྱས་ཏེ།  ཏང་གི་སློབ་གྲྭའི་བྱ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་བསྐྱོད་བྱེད་པར་འགན་སྲུང་བྱེད་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་ཏང་གི་སློབ་གྲྭའི་ཐོག་མའི་ཕུགས་འདུན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། སློབ་གཉེར་སློབ་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས་པ་དང་། གཞུང་ལུགས་དྲག་ཆས་ཀྱི་མཐོ་ས་བསྐྲུན་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སློབ་གསོ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུན་མཐུད་ངང་ནུས་ཤུགས་འདོན་དགོས།  ཏང་གཤིས་སྦྱོང་བརྡར་གྱི་མཐོ་ས་བསྐྲུན་ནས་ཕུགས་བསམ་དང་དད་མོས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་།  དོན་སྙིང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་སློབ་གསོའི་ཐད་ཕན་འབྲས་དངོས་ཐོབ་པར་བྱེད་དགོས།  ནུས་པ་མཐོར་འདེགས་བྱེད་པའི་མཐོ་ས་བསྐྲུན་ཏེ།  འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་འགྱུར་ལྡོག་ལ་བབ་བསྟུན་རང་བཞི་ལྡན་པར་བྱས་ནས།  བྱ་བའི་ཁྲོད་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ཁྲོད་བྱ་བ་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བར་འབད་བརྩོན་བྱེད་དགོས།  སྲིད་སྐྱོང་རོགས་སྐྱོར་གྱི་མཐོ་ས་བསྐྲུན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”འཕེལ་རྒྱས་ལ་ཞབས་ཞུ་བྱེད་པ་དང་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་གནད་ལ་ཁེལ་བའི་ཤུགས་འདོན་ས་འཚོལ་ཞིབ་བྱེད་དགོས། སློབ་སྦྱོང་གི་རྣམ་པ་དང་སློབ་གྲྭའི་དར་སྲོལ་གྱི་མཐོ་ས་བསྐྲུན་ནས་སློབ་སྦྱོང་གི་རྣམ་པའི་འཛུགས་སྐྱོང་ཐད་གཟབ་ནན་གྱིས་དོན་གཉེར་བྱེད་དགོས་པ་དང་།  སློབ་གྲྭའི་དར་སྲོལ་འཛུགས་སྐྱོང་གི་ཚད་ཤིང་འཛུགས་དགོས་པ་བཅས་ནན་གྱིས་བསྟན།

ལིའུ་ཆི་ཧྥན་གྱིས་སྤྱི་སྡོམ་གཏམ་བཤད་ཁྲོད་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱིས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་།  བརྗོད་བྱ་གཙོ་བོ་དང་ལམ་ཐིག་གཙོ་བོ་མངོན་གསལ་དོད་པོ་བྱས་ཏེ་སློབ་ཁྲིད་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།  འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།   དུས་རབས་གསར་པའི་ཏང་གི་སློབ་གྲྭའི་བྱ་བའི་ཡང་དག་པའི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ཏེ། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་སློབ་གྲྭའི་བྱ་བའི་སྲོལ་ཡིག》ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས།  གཞི་རྩའི་གསོ་སྦྱོང་དང་། ཚན་རིག་ཞིབ་འཇུག  སྲིད་དོན་བློ་འདྲི།  འཇོན་མིའི་དཔུང་སྡེ།  འཆར་འགོད་སྒྲིག་བཟོ།  རྫོང་རིམ་པའི་ཏང་གི་སློབ་གྲྭ་འཛུགས་སྐྱོང་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས།  སློབ་གཉེར་སྒྲིག་སྲོལ་བཅོས་བསྒྱུར་དང་སློབ་གཉེར་བྱེད་སྟངས་གསར་གཏོད་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཏེ།  ཏང་གི་སློབ་གྲྭའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས།  རིམ་པ་སོ་སོའི་ཏང་གི་སློབ་གྲྭ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།