ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

ཟླ1པོའི་ཚེས5ཉིན།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ང་དྲུག་པ་བསྡུས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས།  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་ལ།  ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི།  ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་འགོ་འཛིན་བྱས།  དབྱང་ཧྥེང་ཁྲུན།  ཉི་མ་སྒྲོལ་མ།  ཀྲང་ཧོང་ཡོན།  ལུའི་ཀང་།  ཝང་ཅིན་ཀྲའེ།  ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་།  ལིའུ་ཐུང་ཏེ་ཟུར་ཞུགས་བྱས།

ཚོགས་འདུའི་སྟེང་ཀྲུང་དབྱང་ཁེ་ལས་དང“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པ་སོགས་ཀྱི་ཞིབ་ཕྲའི་བླང་བྱ་བཏོན་པ་དང་།  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་སྟེང་ཞིབ་འཇུག་དང་བཀོད་སྒྲིག་བྱས་པའི2026ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གཞི་གཅིག་ཏུ་སློབ་སྦྱོང་དང་གོ་བ་ལེན་དགོས་པར་མ་ཟད་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས་པར་བསྟན།

ཚོགས་འདུའི་སྟེང་དམངས་ཆེན་ཀྱི་འགན་ནུས་ངེས་གནས་ལ་གཞི་བཙུགས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་།  ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས།  མི་རིགས་མཐུན་སྒྲིལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ཤུགས་འདོན་པ་དང་ཕྱོགས་གཅིག་ལ་ནུས་པ་བཏོན་ནས།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཞིབ་ཕྲའི་བྱེད་ཐབས་དང་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས་པ་དང་།  ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་དང་སྒྲིག་སྲོལ་དང་སྤྱོད་ལམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།  སྤྱོད་གཙང་གི་འགག་སྒོ་མཐའ་གཅིག་ཏུ་བརྟན་པོར་བསྲུང་ནས་དམངས་ཆེན་ལས་ཁུངས་ཀྱི་ལས་དོན་སོ་སོ་སྤྱོད་གཙང་གཞུང་དྲང་དང་དངོས་སྒྲུབ་ཀྱི་ལས་ཆོད་ཆེ་བ་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2026ལོའི་ཁྱོན་ཡོངས་གཏིང་ཟབ་བཅོས་བསྒྱུར་གྱི་ལས་འགན་གལ་ཆེན་དང་།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི2025ལོའི་ལོ་མཇུག་གི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་ཇུས་གཞི་དང་འགོ་ཁྲིད་ཚན་ཁག་གིས་ཞིབ་བསྡུར་སྐྱོན་བཤེར་དཔྱད་ཡིག་གི་འཆར་ཟིན་བཟོས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།