
ཟླ1པོའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་དང་གྲོས་མོལ་གནང་།

ཟླ1པོའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཧན་གོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ལོ་གསར་གྱི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ང་དང་སྲིད་འཛིན་ལི་ཙའེ་མིང་གཉིས་ཀྱིས་ཐེངས་གཉིས་ལ་ཐུག་འཕྲད་བྱས་པར་མ་ཟད། ཕན་ཚུན་འཚམས་འདྲི་བྱས་པ་དེའི་ཐོག་ནས་ཕྱོགས་གཉིས་ཀས་ཀྲུང་གོ་དང་ཧན་གོའི་འབྲེལ་བར་མཐོང་ཆེན་བྱེད་པ་མཚོན་ཡོད། གྲོགས་པོ་དང་ཁྱིམ་མཚེས་ཡིན་པའི་ངོས་ནས། ཀྲུང་གོ་དང་ཧན་གོ་གཉིས་ཀྱིས་ཕན་ཚུན་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་ནས་རྒྱུན་དུ་འགྲོ་འོང་བྱེད་པ་དང་འབྲེལ་འདྲིས་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཧན་གོའི་འབྲེལ་བ་དེ་མཐའ་འཁོར་གྱི་ཕྱི་འབྲེལ་གོ་གནས་གལ་ཆེན་དུ་བཞག་ནས་ཧན་གོར་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་སྲུང་འཛིན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐྱོན་བྲལ་གྱི་བགྲོད་ལམ་དུ་སྐྱོད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བྱེད་ནུས་འདོན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་པོར“ཞི་བདེ་གཙོ་བོ་ཡིན་ལ། མཐུན་ཡང་ཁྱད་པར་ཡོད་པ”རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལས་བརྒལ་ནས་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་མཉམ་དུ་འཕེལ་རྒྱས་སོང་། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་བཟང་པོ་དེ་མུ་མཐུད་ནས་རྒྱུན་འཛིན་བྱས་ཏེ་ཕན་ཚུན་བར་གྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་བཅས་བྱས་ནས་གྲོས་མོལ་ལ་བརྟེན་ཏེ་འགལ་བ་ཐག་གཅོད་འོས་འཚམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་མ་འོངས་པའི་ལོ5ཡི་ཀྲུང་གོའི་འཕེལ་རྒྱས་ཐད་འཆར་གཞི་བཀོད་པར་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ལའང་གོ་སྐབས་ཆེན་པོ་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཧན་གོའི་དཔལ་འབྱོར་ཐད་འབྲེལ་བ་དམ་ཟབ་ཡོད་པ་དང་། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་ཕན་ཚུན་མཉམ་འདྲེས་ཟབ་མོ་བྱས་ཡོད་ལ། མཉམ་ལས་ཐད་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ཁེ་ཕན་ཆེ་རུ་བཏང་ནས་མི་ཐབས་རིག་ནུས་དང་ལྗང་མདོག་ཐོན་ལས་སོགས་གསར་དར་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་དགོས། ཕྱོགས་གཉིས་ཀས་མི་སྣ་འགྲོ་འོང་ཇེ་མང་དུ་བཏང་སྟེ་གཞོན་ནུ་ལོ་ཆུང་དང་སྨྱན་བྱད། ལུས་རྩལ། རིག་མཛོད། ས་གནས་སོགས་བར་འགྲོ་འོང་བྱས་ནས་དྲང་ཕྱོགས་ནས་ལས་དོན་གླེང་རྒྱུ་དེ་དམངས་འདོད་ཀྱི་འཕེལ་ཕྱོགས་གཙོ་བོར་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་སྒོས་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གནས་བབ་སྔར་ལས་རྙོག་འཛིང་དུ་འགྱུར་བཞིན་ཡོད། ཀྲུང་གོ་དང་ཧན་གོས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད་ལ། ཁེ་ཕན་གྱི་འབྲེལ་བ་ཟབ་མོ་ཡོད་པས། བློ་བརྟན་འགྱུར་མེད་སྒོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་ཡང་དག་པའི་འཐབ་ཇུས་ཀྱི་གདམ་ག་བྱེད་དགོས། ལོ80ལྷག་གི་ཡར་སྔོན་དུ། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ནས་འཇར་པན་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་རྒྱལ་ཁ་ཐོབ། ད་ལྟ་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་བྱས་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་དང་ཨེ་ཤ་ཡ་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། དཔལ་འབྱོར་འཛམ་གླིང་ཅན་གྱི་ཁེ་ཕན་ཐོབ་མཁན་ཡིན་པའི་ཆ་ནས། ཀྲུང་གོ་དང་ཧན་གོས་སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བཟོད་སྒོམ་གྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས།
ལི་ཙའེ་མིང་གིས་ཀྲུང་གོ་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས། ལི་ཙའེ་མིང་གིས་བསྟན་དོན། ཧན་གོ་དང་ཀྲུང་གོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་། སྔོན་ཆད་ཧན་གོ་དང་ཀྲུང་གོ་གཉིས་ཀྱིས་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་མཉམ་དུ་འགོག་རྒོལ་བྱས་མྱོང་བ་དང་། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ཧན་གོའི་རང་བཙན་ལས་འགུལ་གྱི་གནས་རྙིང་སྲུང་སྐྱོབ་བྱས་པར་བཀའ་དྲིན་ཞུས་པ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་རྗེས། མཉམ་ལས་ཀྱི་འབྲེལ་བ་དམ་པོ་བཙུགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ལོ་གསར་པའི་ནང་གཙོ་འཛིན་གྱི་ཕྱི་འབྲེལ་ཐོག་མ་གོ་སྐབས་སུ་བྱས་ཏེ་ཧན་གོ་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། ཧན་གོ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་བཏོད་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ངེས་ཡིན། ཧན་གོ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་དང་། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལས་བྱུང་བའི་གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བར་རེ་ལྟོས་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་དམངས་བར་གྱི་བརྗེ་རེས་ལ་སྐུལ་འདེད་བཏང་ནས་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ནས་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་ཆེད་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོས་གཙོ་སྒྲུབ་བྱ་རྒྱུ་ཡིན་པའི་ད་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས་པ་ཡིན།

ཟླ1པོའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་དང་གྲོས་མོལ་གནང་། གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་ལས་ཡིག་ཆ་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་།
གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཚན་རྩལ་གསར་གཏོད་དང་སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། དཔལ་འབྱོར་ཉོ་ཚོང་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ15ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་།

ཟླ1པོའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ལི་ཙའེ་མིང་དང་ལྕམ་མོ་ཅིན་ཧུའེ་ཅིང་གཉིས་དང་མཉམ་པར་བསྐྱོན་པའི་རྣམ་པ་རེད།

ཟླ1པོའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ལི་ཙའེ་མིང་ལ་དགའ་བསུའི་མཛད་སྒོ་བསྡུས་པའི་རྣམ་པ་རེད།
གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ལི་ཙའེ་མིང་དང་ལྕམ་མོ་ཅིན་ཧུའེ་ཅེང་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཟླ1པོའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ལི་ཙའེ་མིང་ལ་དགའ་བསུའི་མཛད་སྒོ་བསྡུས་པའི་རྣམ་པ་རེད།

ཟླ1པོའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ལི་ཙའེ་མིང་ལ་དགའ་བསུའི་མཛད་སྒོ་བསྡུས་པའི་རྣམ་པ་རེད།
ལི་ཙའེ་མིང་གནས་དེར་འབྱོར་སྐབས། གུས་ལུགས་དམག་མིས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་དཔུང་རོལ་ཆས་རུ་ཁག་གིས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ། ལི་ཙའེ་མིང་གིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད། ཁག་བགོས་རྣམ་པར་གཟིགས་ཞིབ་གནང་།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ལི་ཙའེ་མིང་སྐུ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།