ཧན་ཀྲེང་གིས་ཁ་ན་ཏའི་ཙུང་ལི་ཟུར་པར་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 1

ཟླ1པོའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་ཁ་ན་ཏའི་ཙུང་ལི་ཟུར་པ་ཁེ་ལེ་ཏི་ཨན་ལ་མཇལ་འཕྲད་གནང་།

ཟླ1པོའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་ཁ་ན་ཏའི་ཙུང་ལི་ཟུར་པ་ཁེ་ལེ་ཏི་ཨན་ལ་མཇལ་འཕྲད་གནང་།

ཧན་ཀྲེང་གིས་ཁེ་ལེ་ཏི་ཨན་གྱིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་ཐད་ནུས་ཤུགས་བཏོན་པར་བསྔགས་བརྗོད་མཛད། ཁོང་གིས་བསྟན་དོན། ན་ནིང་གི་ཟླ10པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཁ་ཉི་དང་ཧན་གོ་ནས་བདེ་བླག་ངང་མཇལ་འཕྲད་གནང་ནས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་སྔར་ལས་ལེགས་སྒྱུར་དང་འཕེལ་རྒྱས་འསུ་གྲོ་བར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་ཞིང་། འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་ཏེ་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་ལེའུ་གསར་པའི་འགོ་བརྩམས། ཀྲུང་གོ་དང་ཁ་ན་ཏར་ཐུན་མོང་གི་ཁེ་ཕན་ཆེན་པོ་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། ཁ་ན་ཏ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་བརྗེ་རེས་ལ་ཤུགས་བསྣན་ནས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་།  ཕྱོགས་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད།

ཁེ་ལེ་ཏི་ཨན་གྱིས་ཁ་ན་ཏ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལས་ཐོབ་པའི་འཕེལ་ཕྱོགས་བཟང་པོར་གདེང་འཇོག་ཚད་མེད་བྱས་ཤིང་། ཁ་ན་ཏ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚད་མཐོའི་གསབ་རེས་དང་ཕྱོགས་གཉིས་པོའི་འབྲེལ་བར་མདུན་ལམ་ཆེན་པོ་ཡོད་ལ། ཁ་ན་ཏ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་གཏན་འཇགས་ངང་འཕེལ་བར་སྐུལ་འདོད་ཡོད་ཅེས་བསྟན།




ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།