ལི་ཆང་གིས་ཧན་གོའི་སྲིད་འཛིན་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ1པོའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་ལ་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ད་ལྟ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག  ཀྲུང་གོ་དང་ཧན་གོའི་འབྲེལ་བར་རྣམ་པ་གསར་པ་མངོན།

ཚེས་ལྔ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་བར་འཐབ་ཇུས་ཀྱི་ཁྲིད་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཧན་གོའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གོ་གནས་གལ་ཆེན་དུ་བཞག་སྟེ།  ཧན་གོ་ཕྱོགས་དང་མཉམ་དུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་རྒྱུན་འཁྱོངས་བྱེད་པ་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། བཟོ་སྐྲུན་རྩེ་གྲ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཟབ་མོ་བྱེད་པ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་གི་བགྲོད་ལམ་བརྒྱུད་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལི་ཙའེ་མིང་གིས་བསྟན་དོན།  ཧན་གོའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་འཇོག་དང་ཕྱོགས་གཉིས་ཀྱི་གླེང་མོལ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱེད་པ།  ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ།   དུས་བསྟུན་མདུན་སྐྱོད་དང་མཉམ་ལས་མཉམ་རྒྱལ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད།

ཝུའུ་ཀྲེང་ལུང་མཇལ་འཕྲད་ལ་ཞུགས།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།