
ཐེ་གོའི་དམག་ཕྱོགས་ཀྱིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། སྐོར་ཐེངས་འདིའི་ཐེ་གོ་དང་ཁམ་ཕུ་ཀྲེའི་འཁྲུག་རྩོད་ལས་ཐེ་གོའི་དམག་མི21དང་མི་སེར་དཀྱུས་མ21རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཐེ་གོའི་སྐམ་དམག་གི་མགྲིན་ཚབ་པ་གཞོན་པ་ལི་ཁྲ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྤྱིའི་གནས་བབ་ལ་བལྟས་ན། ཐེ་གོ་ཕྱོགས་ཀྱིས་མཐའ་མཚམས་ས་ཁུལ་གྱི་གནད་ས་མང་བོ་ཚོད་འཛིན་བྱས་ཡོད། མིག་སྔར་དམག་ཁུལ་དང་པོའི་འཁྲུག་རྩོད་བྱེད་ས་གཙོ་བོ་དེ་ཧྲ་ཅི་མངའ་སྡེའི་གནས་གསུམ་ཡིན་པ་དང་། ས་ཁུལ་དེ་དག་མི་སེར་དཀྱུས་མའི་བདེ་སྙོམས་ས་ཁུལ་གྱི་ཉེ་སར་ཡོད་ལ། དམག་ཁུལ་གཉིས་པའི་འཁྲུག་རྩོད་བྱེད་ས་གཙོ་བོ་ནི་ཐཱ་ཀོས་དགོན་པ་དང་འཐབ་ཇུས་གནད་ས་གཉིས་ཡིན་ཟེར།
ཁམ་ཕུ་ཀྲེ་ཕྱོགས་ཀྱི་བརྒྱན་འཇོག་བྱེད་སའི་ཁང་བར་འཇབ་རྒོལ་ཐེབས་པའི་སྐོར་གྱི་གནས་ཚུལ་ཐད་ནས་ལི་ཁྲ་ཡིས་དག་འབུད་བྱས་དོན། ཐེ་གོ་ཕྱོགས་ཀྱིས་སྲིད་ཇུས་དང་བཀའ་རྒྱ་བཏང་ནས་མི་སེར་དཀྱུས་མའི་དམིགས་འབེན་དང་དམག་དོན་མིན་པའི་དམིགས་འབེན་ལ་དཔུང་འཇུག་བྱེད་པའི་རེ་བ་བཏོན་མེད། འབྲེལ་ཡོད་ཀྱི་འགུལ་སྐྱོད་ལག་བསྟར་བྱས་པ་ནི་འབྲེལ་ཡོད་ཀྱི་ཐོག་ཁང་དེ་ཁམ་ཕུ་ཀྲེའི་དམག་དཔུང་གི་མཚོན་ཆའི་མཛོད་ཁང་དུ་བཀོལ་བས་ཡིན་ཟེར། ལི་ཁྲ་ཡིས་ནན་གྱིས་བསྟན་དོན། དམག་ཕྱོགས་ཀྱི་མིག་སྔའི་ལས་འགན་གཙོ་བོ་ནི་མཐའ་མཚམས་ས་ཁུལ་གྱི་ཐེ་གོའི་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།