ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད།
ཁུངས། ཀློག་གྲངས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ12པའི་ཚེས27ཉིན་ཀྲུའུ་ཞི་བཀའ་རྒྱ་ཨང་དྲུག་ཅུ་རེ་གསུམ་པ་དང་། ཨང་དྲུག་ཅུ་རེ་བཞི་པ། ཨང་དྲུག་ཅུ་རེ་ལྔ་པ། ཨང་དྲུག་ཅུ་རེ་དྲུག་པ། ཨང་དྲུག་ཅུ་རེ་བདུན་པ། ཨང་དྲུག་ཅུ་རེ་བརྒྱད་པ་བཅས་ལ་མཚན་རྟགས་བཀོད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་གསུམ་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་སྐོར་གྱི་བཅའ་ཁྲིམས་ནི2025ལོའི་ཟླ12པའི་ཚེས27ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་ཟིན། ད་ལྟ་ཁྱབ་བསྒྲགས་བྱས་ནས། 2026ལོའི་ཟླ5པའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་བསྟན།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་བཞི་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་བཅའ་ཁྲིམས་ནི2025ལོའི་ཟླ12པའི་ཚེས27ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་ཟིན། ད་ལྟ་ཁྱབ་བསྒྲགས་བྱས་ནས། 2026ལོའི་ཟླ5པའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་བསྟན།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་ལྔ་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས་ནི2025ལོའི་ཟླ12པའི་ཚེས27ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་ཟིན། ད་ལྟ་ཁྱབ་བསྒྲགས་བྱས་ནས། 2026ལོའི་ཟླ7པའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་བསྟན།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་དྲུག་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ནི2025ལོའི་ཟླ12པའི་ཚེས27ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་ཟིན། ད་ལྟ་ཁྱབ་བསྒྲགས་བྱས་ནས། 2026ལོའི་ཟླ1པའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་བསྟན།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་བདུན་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་འཚོང་བཅའ་ཁྲིམས་ནི2025ལོའི་ཟླ12པའི་ཚེས27ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་ཟིན། ད་ལྟ་ཁྱབ་བསྒྲགས་བྱས་ནས། 2026ལོའི་ཟླ3པའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་བསྟན།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་བརྒྱད་པའི་ནང་། 2025ལོའི་ཟླ12པའི་ཚེས27ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་དག་ཐེར་བྱ་བའི་གནས་ཚུལ་དང་ཐག་གཅོད་བསམ་འཆར་དང་སྙན་ཞུའི་སྐོར་གྱི་ཆོད་དོན་ལ་ཆོག་མཆན་སྤྲོད་པའི་ཆོད་དོན་ལ་གཞིགས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ཁེ་ལས་བཅའ་ཁྲིམས་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཕྱི་ཚོང་དངུལ་གཏོང་ཁེ་ལས་དང་ཕྱི་རྒྱལ་གྱི་ཁེ་ལས་ལ་སྤྱད་འཐུས་པའི་འཕར་ཐང་དཔྱ་ཁྲལ་དང་། འཛད་སྤྱོད་དཔྱ་ཁྲལ། ལས་གཉེར་དཔྱ་ཁྲལ་སོགས་དཔྱ་ཁྲལ་བསྡུ་བའི་གནས་སྐབས་སྲོལ་ཡིག་སྐོར་གྱི་ཆོད་དོན་དེ་གཉིས་མེད་པར་བཟོས་ཏེ། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་པར་བསྟན།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།