
ཟླ1ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི2025ལོའི་བྱ་བའི་སྙན་ཞུར་ཉན་ཞིང་། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཉན་ནས། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བ་ལེགས་པར་སྒྲུབ་པའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་ནས་གོ་བ་ལེན་པ་དང་། ཏང་གིས་ཞིང་གསུམ་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་སྤྱིའི་དམིགས་འབེན་ལ་རྐང་འཛུགས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བ་སྤྱིའི་བྱེད་ཐབས་སུ་བརྩིས་ཏེ། ཐོན་ཚད་བརྟན་པར་བྱེད་པ་དང་ཚད་མཐའ་སྲུང་བ། ལས་ཞུགས་བརྟན་པར་བྱེད་པ། ཐོན་ལས་སྟོབས་ལྡན་དུ་གཏོང་བ། འཇོན་ནུས་མཐོར་འདེགས་བཅས་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་སྒྲུབ་པ་དང་། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རོང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་ཁྲིད་བྱེད་པ་དང་། མཛེས་པའི་ཞིང་སྡེ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་བསྒྱུར་བར་འབད་དེ། རོང་འབྲོག་པའི་འཚོ་བ་སྔར་ལས་ཕྱུག་ཅིང་སྐྱིད་པར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤེལ་བའི2026ལོའི་ལོ་གསར་ཤིས་ཚིག་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་ཇ་སྟོན་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ལ་བརྩེ་བས་ཕྱུག་ཅིང་ཡིད་ཆེས་ཀྱིས་བརྟས་ལ་བརྩོན་སེམས་བསྐྱེད་པར་བྱེད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་གཏན་ཁེལ་བྱས་པའི་འཐབ་ཇུས་ངེས་གནས་ལ་དམ་དུ་དམིགས་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། དམངས་འཚོའི་བདེ་སྐྱིད་ལ་རྒྱུན་མཐུད་ངང་ཡར་སྐུལ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་ལ་དོ་དམ་དང་དཔོན་རིགས་ལ་བཅོས་སྐྱོང་བྱེད་པ། ཡར་བརྩོན་གྱི་སྟོབས་ཤུགས་རྒྱ་ཆེར་གཅིག་སྡུད་བྱས་ནས། སྟོབས་ཤུགས་ཆེན་པོ་དང་སྤྱོད་ཚུལ་ནན་མོས་འགོ་ལེགས་པོར་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་དགོས།
གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་ས་གནས་ཕྱི་དོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཚན་རིག་གི་བརྡར་ཤ་བཅད་པར་གོ་བ་ཡང་དག་ལེན་པ་དང་། མཚོ་སྔོན་སྒེའུ་ཁུང་ལྟ་བུར་བྱས་ཏེ་ཕྱི་ཕྱོགས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་སྒྱུར་སོགས་ཀྱི་ཁྱབ་ཁོངས་སུ་བླངས་པའི་གྲུབ་འབྲས་གལ་ཆེན་ལེགས་པོར་སྒྲོག་པ་དང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་འགྲོ་འོང་སྔར་ལས་ཟབ་སྤེལ། དམངས་ཁྲོད་བརྗེ་རེས་ལ་ཡར་སྐུལ་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོར་འདེགས་བཏང་ནས། སྤྱིའི་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
གྲོས་ཚོགས་ལས་བལྟས་ན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་གཞིགས་ནས། རང་འགུལ་གྱིས་ཁག་ཁུར་ལས་སྒྲུབ་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པས། ཏང་ཙུའུ་སོ་སོས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། བརྒྱུད་རིམ་སོ་སོར་ཁེབས་པར་བྱེད་པ་དང་། སོ་སོའི་ལས་འགན་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་འཚོའི་བདེ་སྐྱིད་ལ་ཡར་སྐུལ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སོགས་ཀྱི་ཕྱོགས་ལ་ནུས་པ་སྔར་ལས་ཆེན་པོ་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་དགོས་པར་འདོད།
གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོས2025ལོར་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འགན་འཁྲི་གཙོ་བོ་ལག་བསྟར་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཡིག་ཐོག་ནས་གྲོས་ཞིབ་བྱས་པར་མ་ཟད། ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
ལྷ་མོ་འཚོས་བསྒྱུར།