ལུའོ་ཏུང་ཁྲོན་གྱིས་པེ་ཅིང་ཧའེ་པོ་སི་ཁྲོང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཀྲང་ཅན་ཧུའེ་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་པེ་ཅིང་ཧའེ་པོ་སི་ཁྲོང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཀྲང་ཅན་ཧུའེ་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་བཅས་ཀྱི་ཚབ་བྱས་ནས་ཀྲང་ཅན་ཧུའེ་འཁོར་དང་བཅས་པར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་འདི་ཉིད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་གདེང་ཚོད་ཡོད་པའི་སྒོ་ནས་མདུན་སྐྱོད་བྱེད་བཞིན་ཡོད་ལ། ཁུངས་དྲ་ནུས་གསོག་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་འདོམས་བྱས་ཏེ། རྣམ་པ་གསར་བའི་ནུས་ཁུངས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྔར་ལས་ཤུགས་ཆེན་པོས་སྐུལ་འདེད་བཏང་ཡོད།  ཧའེ་པོ་སི་ཁྲོང་ནི་རྒྱལ་ནང་གི་ནུས་གསོག་མ་ལག་འདུས་གྲུབ་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཁེ་ལས་ཡིན་པའི་ཆ་ནས་འཕེལ་རྒྱས་ཀྱི་ངེས་གནས་མཚོ་སྔོན་དང་མཐུན་ཆ་ཆེན་པོ་ཡོད་པ་དང་།  ལག་རྩལ་གསར་གཏོད་དང་ཐོན་ལས་མུ་ཕྲེང་གི་དགེ་མཚན་མངོན་གསལ་ཡིན་ཞིང་། ཕྱོགས་གཉིས་བར་མཉམ་ལས་ཀྱི་བར་སྟོང་ཡངས། ལག་གདང་སྦྲེལ་ནས“ཐོན་སྐྱེད་དང་ནུས་གསོག   ཉེར་སྤྱོད་བཅས་ཀྱི་བཀག་སྡོམ་ཐོན་ལས་ཀྱི་རྣམ་པ་བཏོད་ནས།     ནུས་ཁུངས་དཔལ་འབྱོར་ལེགས་པོར་སྒྲུབ་པའི་ཁྲོད་ཕན་ཚུན་ནུས་པ་འདོན་རེས་བྱས་ཏེ།  གཉིས་ཕན་མཉམ་རྒྱལ་མངོན་འགྱུར་འབྱུང་བའི་རེ་བ་བཅངས་ཡོད་ཅེས་བསྟན། 

ཀྲང་ཅན་ཧུའེ་ཡིས་ཁེ་ལས་ཀྱི་འཕེལ་རྒྱས་གནས་མཚམས་སྦྱོར་བྱས་པ་དང་།    མཚོ་སྔོན་དུ་ཡོད་པའི་ཐོན་ལས་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་།   གསོག་ནུས་ཀྱི་ཐོན་ལས་མུ་ཕྲེང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན།

ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།


ལྷ་མོ་འཚོས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།