
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆིང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ། བཟོ་བཅོས་བྱས་པའི《པུར་འཇུག་དོ་དམ་སྲོལ་ཡིག》བསྒྲགས། 《སྲོལ་ཡིག》དེ2026ལོའི་ཟླ3པའི་ཚེས30ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་ལ། སྲོལ་ཡིག་ཧྲིལ་བོར་ལེའུ་བརྒྱད་དང་དོན་ཚན73ཡོད། བཟོ་བཅོས་ཀྱི་ནང་དོན་གཙོ་བོ་གཤམ་གསལ་ལྟར།
གཅིག་ནི་པུར་འཇུག་དོ་དམ་གྱི་བླང་བྱ་སྟེ། པུར་འཇུག་ལས་རིགས་ནི་སྤྱི་ཕན་ལས་རིགས་གལ་ཆེན་ཞིག་ཡིན་པ་ནན་གྱིས་བསྟན་ཡོད། སྤྱི་ཕན་དམངས་ཕན་དང་། ཡ་རབས་གྲོན་ཆུང་། ལྗང་མདོག་སྐྱེ་ཁམས་བཅས་རྒྱུན་འཁྱོངས་བྱས་ཏེ། པུར་འཇུག་ཞབས་ཞུ་འཐུས་ཚང་དུ་བཏང་ནས་གཏིང་ཟབ་ངང་པུར་འཇུག་གི་གོམས་སྲོལ་ལ་བསྒྱུར་བཅོས་བྱས་ནས། པུར་འཇུག་བཅོས་བསྒྱུར་ལ་སྐུལ་འདེད་ཏན་ཏིག་དགོང་དགོས།
གཉིས་ནི་པུར་འཇུག་གི་གཞི་རྩའི་སྤྱི་བའི་ཞབས་ཞུ་གསལ་བོར་བསྟན་ཡོད། རིམ་བཞིན་ཆ་རྐྱེན་དང་འཚམ་པའི་པུར་འཇུག་ཞབས་ཞུའི་རྣམ་གྲངས་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་བའི་ཞབས་ཞུའི་ཁྱབ་ཁོངས་འཇུག་དགོས་པར་མ་ཟད། འགུལ་རྣམ་སྙོམས་སྒྲིག་བྱེད་དགོས། མང་ཚོགས་ཀྱི་གཞི་རྩའི་པུར་འཇུག་ཞབས་ཞུའི་དགོས་མཁོ་དང་འཚམ་པའི་པུར་འཇུག་ལས་རིགས་ལ་དངུལ་གཏོང་ལམ་ལུགས་འཛུགས་དགོས་པ་བཅས་གཏན་ཁེལ་གསལ་བོ་བྱས་ཡོད།
གསུམ་ནི་དངུལ་ལེན་དོ་དམ་ལ་ཤུགས་བསྣོན་བྱེད་དགོས། པུར་འཇུག་ཞབས་ཞུའི་གསལ་ཐོ་ཅན་གྱི་དོ་དམ་ལག་བསྟར་བྱས་ཏེ། གསལ་ཐོ་ལས་གཞན་གྱི་རྣམ་གྲངས་གཏན་ཁེལ་བྱེད་པ་དང་དེར་གླ་དངུལ་ལེན་པ་གཏན་འགོག་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་རིན་གོང་གི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། གླ་དངུལ་མཐོན་པོ་ལེན་པ་གཏན་འགོག་བྱེད་དགོས། པུར་འཇུག་ཁྱབ་ཁོངས་ཀྱི་རིན་གོང་ཁྲིམས་འགལ་ཡིན་པའི་བྱ་སྤྱོད་ཀྱི་བྱེ་བྲག་གི་རྣམ་པ་ཞིབ་སྲོལ་ཅན་དུ་གཏོང་དགོས།
བཞི་ནི་སྦྲེལ་ཕྲེང་ཧྲིལ་བོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣོན་དགོས། ཁྲིམས་ལག་བསྟར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། “ཚེ་ལས་འདས་པ་དང་དུར་འཇུག མཆོད་འབུད”བཅས་ཀྱི་གོ་རིམ་སོ་སོའི་ཞབས་ཞུའི་དོ་དམ་ཚད་ལྡན་དུ་གཏོང་དགོས།
ལྔ་ནི་སའི་སྐྱེ་ཁམས་ལ་གྲོན་ཆུང་བྱེད་པའི་པུར་འཇུག་ལ་སྐུལ་འདེད་གཏོང་བ། ས་མི་བཟུང་བ་དང་ཡང་ན་ས་ཉུང་ཙམ་ལས་མི་བཟུང་བའི་པུར་འཇུག་བྱེད་ཐབས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་དང་མཐུན་པའི་པུར་འཇུག་ལ་སྐུལ་མ་གཏོང་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།