ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་བསྡུས།
ཁུངས། ཀློག་གྲངས།

ཟླ1པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལི་མིང་། དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་རེ་གཅིག་གྲོས་ཚོགས་སུ་ཞུགས་ལ། ཁྲིམས་བཀོད་མི་གྲངས་དང་མཐུན། ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས་པ་དང་། ཝང་ལི་མིང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་འགོ་འཛིན་བྱས།

གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་ཚོགས་འདུའི་འབྲེལ་ཡོད་མི་དོན་བྱ་བའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། འདེམས་བསྐོ་བྱེད་རྒྱུ་ཡིན་པའི་མི་སྣས་ལས་འགན་མ་འཁུར་སྔོན་གྱི་གཏམ་བཤད།

གྲོས་ཚོགས་ལས《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་པར་སྤྲོད་པའི》སྐོར་གྱི་གསལ་བཤད་ལ་ཉན་པ་དང་།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དབྱང་ཧྥེང་ཁྲུན་གྱི《མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུར》ཉན།

གྲོས་ཚོགས་ལས《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་པར་སྤྲོད་པའི》ནང་གི་ནོར་སྲིད་དཔལ་འབྱོར་སྐོར་གྱི་ཁྲིམས་སྲོལ་གྱི་གྲོས་ཞིབ་བསམ་འཆར་དང་།     《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་པར་སྤྲོད་པའི》ཁོར་ཡུག་དངུལ་གཏོང་ཐད་ཀྱི་ཁྲིམས་སྲོལ་གྱི་གྲོས་ཞིབ་བསམ་འཆར་པར་འགྲེམས་བྱས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར》བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་བཞི་པའི་ཚོགས་འདུའི་གྲོས་རིམ(འཆར་ཟིན)》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་གྲོས་ཚོགས་ལ་སྤྲད་ནས་བརྡས་ཐག་གཅོད་དུ་འཇུག་རྒྱུ་རེད།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ(འཆར་ཟིན)》བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་གྲོས་ཚོགས་ལ་སྤྲད་ནས་འདེམས་བསྐོ་བྱེད་དུ་འཇུག་རྒྱུ་རེད།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་ཚོགས་སུ་ཞུགས་པའི་མི་སྣའི་མིང་ཐོ(འཆར་ཟིན)》ཐག་གཅོད་བྱས།

གྲོས་ཚོགས་ལས《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན(འཆར་ཟིན)》དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུར》བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་འབྲེལ་ཡོད་མི་དོན་བྱ་བར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་གསར་དུ་ལས་འགན་ཁུར་བའི་ལས་བྱེད་མི་སྣར་བསྐོ་བཞག་དཔང་ཡིག་བྱིན།

གྲོས་ཚོགས་ལས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙི་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིག་སོགས་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།