
ཟླ1ཚེས16ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཏེ། བྱ་བའི་ཚན་ཁག་སོ་སོའི་གྲ་སྒྲིག་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་གྲ་སྒྲིག་བྱ་བ་སྤེལ་བ་ནས་བཟུང་། བྱ་བའི་ཚན་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཨང་དང་པོར་བཞག་སྟེ། “མིག་མང་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་ཚད་ནས་རང་འགུལ་ངང་བྱ་བ་སྣ་ཚོགས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། སྐབས་སྔོན་མའི་ཚོགས་འདུ་སྒྲུབ་པའི་ཉམས་མྱོང་བསྡུ་ལེན་དང་དཔྱད་གཞིར་འཛིན་པའི་རྨང་གཞི་ཐོག གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཕྱོགས་སྟོན་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། ཇུས་གཞི་བཟོ་བ་དང་བརྒྱུད་རིམ་སྦྲེལ་བ་སོགས་ཀྱི་ཐད་ཞིབ་ཕྲ་དང་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱེད་པ། བྱ་བའི་བཀོད་སྒྲིག་ལ་ཆད་ལྷག་མེད་པ་དང་འགན་འཁྲི་དངོས་འབེབ་ལ་ནོར་འཆུག་མེད་པ། བྱ་བ་སྣ་ཚོགས་གྲ་སྒྲིག་བྱེད་པར་དུས་རིམ་རང་བཞིན་གྱི་ཕན་འབྲས་ལེན་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ལྷག་པའི་མཐོ་རུ་བཏང་སྟེ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་། སེམས་ཁུར་སྔར་ལས་ཆེན་པོས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་བྱེད་ཐབས་དམ་འཛིན་བྱེད་པ། བརྩེ་སེམས་ལ་བརྟེན་ནས་ཞབས་འདེགས་ཞུ་བ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབས་ཏེ། གོང་འོག་མཉམ་འབྲེལ་དང་གཡས་གཡོན་མཐུན་སྦྱོར། མཐུན་སྦྱོར་ནུས་ཆེ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་དགོས། ཚད་ལྡན་གྱི་འདུ་ཤེས་ལ་སྔར་ལས་ཤུགས་སྣོན་པ་དང་། སྙན་ཞུའི་ཡིག་ཆ་སྣ་ཚོགས་ལ་བློ་རྩེ་ཆེན་པོས་སྦྱོང་བརྡར་བྱས་ཏེ། སྲིད་གྲོས་ཀྱི་ལས་འགན་སྒྲུབ་པའི་གྲུབ་འབྲས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་མངོན་པར་ཁག་ཐེག་བྱ་དགོས། སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་ལས་གཟབ་ནན་དུ་གཏོང་བ་དང་། ཚོགས་འདུའི་སྤྱོད་ཚུལ་དང་ཚོགས་འདུའི་སྒྲིག་ལམ་གཟབ་ནན་དུ་གཏོང་བ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤྱོད་བཟང་གཞུང་དྲང་གི་ཚོགས་འདུའི་རྣམ་པ་བསྐྲུན་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་སྔར་ལས་ཤུགས་སྣོན་པ་དང་། སྨྱན་སྦྱོར་སྣ་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྐུལ་སློང་དང་འདོན་སྤེལ་བྱས་ཏེ། ཕྱོགས་ཡོངས་དང་ཟུར་ཚད་མང་པོ། གཏིང་ཟབ་བཅས་ཀྱིས་ཚོགས་འདུའི་དགོངས་དོན་དང་འགན་འཁྲི་བསྒྲུབས་པའི་ཕན་ནུས། ཨུ་ཡོན་གྱི་ཉམས་འགྱུར་བཅས་དྲིལ་བསྒྲགས་བྱས་ཏེ། ཚོགས་འདུ་འཚོགས་པར་མཐུན་སྒྲིལ་འབད་བརྩོན་དང་། ངར་ཤུགས་ཆེན་པོས་ཡར་རྒྱས་ཡོང་བའི་གླེང་ཕྱོགས་ཁོར་ཡུག་བསྐྲུན་དགོས་པ་ནན་གྱིས་བསྟན།
ཤ་བོ་རིན་མཚོས་བསྒྱུར།