དགུ་གསུམ་སློབ་ཚོགས་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་ཚོགས་འགོ་བརྩམས།
ཁུངས། ཀློག་གྲངས།

དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཚེས18ཉིན་པེ་ཅིང་དུ་ཚོགས་འགོ་བརྩམས། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ་ཡིས་དགུ་གསུམ་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་འགོ་རྩོམ་ཚོགས་འདུར་འགོ་འཛིན་མཛད།

 ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལོ་གཅིག་རིང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། བློ་རིག་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་འབུལ་བཅས་བྱས་ནས། རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། 

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། 2026ལོ་ནི་རང་རྒྱལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་འགོ་ཚུགས་པའི་ལོ་ཡིན་ཞིང་། དགུ་གསུམ་སློབ་ཚོགས་ཀྱིས་རྒྱལ་གཅེས་དང་། དམངས་གཙོ། ཚན་རིག་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་དང་ལས་འགན་ལ་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་རང་འགན་གཙང་སྒྲུབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།