ལི་ཆང་གིས་ཆེད་མཁས་པ་དང་ཁེ་ལས་པ། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས། 
ཁུངས། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར་ཆེད་མཁས་པ་དང་ཁེ་ལས་པ། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ།《སྲིད་གཞུང་བྱ་བའི་སྙན་ཞུ》དང《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད(མ་ཟིན)》གཉིས་ཀྱི་བསམ་འཆར་བསྡུ་ལེན་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན། 

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར་ཆེད་མཁས་པ་དང་ཁེ་ལས་པ། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ།《སྲིད་གཞུང་བྱ་བའི་སྙན་ཞུ》དང《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད(མ་ཟིན)》གཉིས་ཀྱི་བསམ་འཆར་བསྡུ་ལེན་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན། 

   བཞུགས་མོལ་ཚོགས་འདུའི་ཐོག་མིང་མིང་དང་ཧོ་ཅ། ཡན་ཅུན་ཅེ། ཀྲང་ཀྲི་ཀང་། ཀུང་ཆི་ཧོང་། ཡུས་ཞའོ་ཧུའེ། ཝང་ཡུང་ཅུན། ཀྲོའུ་ལི་ཡ། ཧྲི་ཡུས་ཆི་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མའི་བསམ་པར་ན་ནིང་རྙོག་འཛིང་ལྡན་ལ་ཛ་དྲག་ཆེ་བའི་ཕྱི་རོལ་གྱི་གནས་བབ་ལ་གདོང་གཏད་ནས། ང་ཚོའི་རྒྱལ་ཁབ་ཀྱིས་འཕར་སྣོན་བརྟན་ལྷིང་དང་གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ་སོགས་ཀྱི་ཐད་དངོས་དོན་གཉེར་བའི་བྱེད་ཐབས་མང་པོ་བཏོན་པ་དང་། འཕེལ་རྒྱས་ཁྲོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་གསོག་འཇོག་བྱས་ཡོད། བླངས་ཟིན་པའི་གྲུབ་འབྲས་འདི་དག་ནི་དངོས་ནས་ལས་སླ་མོ་ཞིག་མིན་ཚུལ་བསྟན། ཚང་མའི་གཏམ་བཤད་ལ་ཉན་རྗེས། ལི་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་གནོན་ཐེག་མདུན་སྐྱོད་དང་། གསར་པ་དང་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།

   ད་ལོའི་ཕྱི་རོལ་གྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་། གཏན་འཁེལ་བྱེད་དཀའ་ཞིང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་རེད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ་ཤེས་དགོས། ང་ཚོས་ཡིད་ཆེས་བརྟན་པོ་དང་། གནད་དོན་ལ་ཐད་ཀར་གདོང་གཏོད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་བཅས་བྱས་ན། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཐུབ་ངེས། ལི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས། འཕེལ་རྒྱས་ཁོར་ཡུག་གི་གཏན་འཁེལ་མིན་པའི་རང་བཞིན་ལ་གདོང་གཏོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་ཁྲིད་སྟོན་དམིགས་སུ་བཀར་ནས། སྤུས་ཚད་ནུས་ལྡན་སྒོས་མཐོ་རུ་གཏོང་བའི་ཐད་ཐོད་བརྒལ་སྔར་ལས་ཆེན་པོ་ཡོང་བར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མངོན་འགྱུར་ཐབས་ལམ་རྒྱ་ཆེར་བཏང་ནས། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཏན་ཏིག་སྒོས་དམངས་འཚོར་འགན་སྲུང་དང་ཇེ་ལེགས་སུ་གཏོང་དགོས། 

  ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས། 

《སྲིད་གཞུང་བྱ་བའི་སྙན་ཞུ》དང་།《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན)》ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་གཉིས་ལ་ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ་རུ་དུས་གཅིག་ཏུ་བསམ་འཆར་བསྡུ་ལེན་བྱས།