ཀྲའོ་ལེ་ཅིས་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་གནང་།
ཁུངས། ཀློག་གྲངས།

ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ས་ཏི་ཁེ་དང་གྲོས་མོལ་གནང་།

   ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ས་ཏི་ཁེ་དང་གྲོས་མོལ་གནང་།

   ཀྲའོ་ལེ་ཅིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་འགྱུར་མེད་ཀྱི་གྲོགས་པོ་དང་འཐབ་ཇུས་མཉམ་ལས་ཟླ་གྲོགས་ཡིན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཀྲའར་ཏ་ལི་དང་ཙུང་ལི་ཞ་པ་ཙི་དང་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་གསར་པ་གནང་། ད་ལོ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། དུས་རབས་གསར་པའི་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་འདོད་ཡོད། ཀྲའོ་ལེ་ཅིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་། དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕ་ཁི་སི་ཐན་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་མཐུན་སྒྲིལ་བརྟན་འཇགས་སྲུང་འཛིན་དང་། འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་།“འཕེལ་རྒྱས་ཀྱི་ཕ་ཁི་སི་ཐན”གྱི་འཆར་འགོད་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བྱ་རྒྱུ་དང་། ཐོན་ལས་དང་ཞིང་ལས། གཏེར་ལས་སོགས་གཙོ་གནད་ཁྱབ་ཁོངས་སུ་གྲུབ་འབྲས་སྔར་ལས་མང་བ་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེ་གྲས་བཞིར་སྔོན་ལ་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་གྲོས་གཞི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་འདོད་ཡོད།

  ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཕ་ཁི་སི་ཐན་གྲོས་ཚོགས་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་དང་། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་སྟེགས་བུར་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་འདོད། ཀྲའོ་ལེ་ཅི་ཡིས་ད་དུང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ས་ཏི་ཁེ་ཡིས་བསྟན་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་འགྱུར་མེད་མཛའ་མཐུན་གྱི་ལོ་རྒྱུས་ཡུན་རིང་ཞིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཐབ་ཇུས་རང་བཞིན་ལྡན། ཕ་ཁི་སི་ཐན་གྱིས་ཀྲུང་གོའི་ཐའེ་ཝན་དང་ཞིན་ཅང་། བོད་འབྲེལ་སོགས་ཀྱི་ལྟེ་བའི་ཁེ་ཕན་དང་གནད་དོན་གལ་ཆེན་ཐད་ཀྲུང་གོའི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རེ་བར་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས། ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་བརྗེ་རེས་མཉམ་ལས་ཟབ་མོ་བྱས་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་འཇོག་འདོད། 

 ཞོ་ཁུ་ལའེ་ཐི་ཀྲ་ཁི་ཨར་གྲོས་མོལ་ལ་ཞུགས།