ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། 
ཁུངས། ཀློག་གྲངས།

ཟླ1ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དུ་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།

   ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དུ་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། བསམ་བློ་སྔར་ལས་གཅིག་གྱུར་དང་སེམས་ཤུགས་གཅིག་སྒྲིལ་ལེགས་པོ་བྱེད་པ། ཏང་ཀྲུང་དབྱང་གི་འགྱུར་མེད་ཀྱི་འགོ་ཁྲིད་སྟོབས་ལྡན་འོག་བྱ་བ་སོ་སོ་ཏན་ཏིག་གིས་ཡག་པོར་བསྒྲུབ་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་དགོས་པ་བསྟན།

ཟླ1ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དུ་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། ལི་ཆིང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞིས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས།

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོར་འགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞིས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས།

   ཞི་ཅིན་ཕིང་གིས་བསྟན་དོན། ལོ་ལྔའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གལ་ཆེན་ཞིག་ཡིན་པས། ཏང་གི་འགོ་ཁྲིད་མངོན་འགྱུར་ཡོང་བར་ཕན་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པར་ཕན་ཞིང་། སྔ་བལྟས་ཕྱི་བསམ་གྱི་སྒོ་ནས་འཐབ་ཇུས་ཀྱི་གནད་དོན་ཁོང་དུ་ཆུད་པར་ཕན་པ་དང་། བྱ་བ་རྒྱུན་མཐུད་རང་བཞིན་སྒོས་རྒྱུན་འཁྱོངས་བྱེད་པར་ཕན་པ་རེད། ལོ་ལྔའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་པའི་ཡུན་རིང་གི་ལག་ལེན་ཁྲོད། ང་ཚོའི་ཏང་གིས་ཕུན་སུམ་ཚོགས་པའི་ཉམས་མྱོང་གསར་གཏོད་དང་གཅིག་བསྡུས་བྱས་ཤིང་། དེའི་ཁྲོད་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས། རྒྱལ་ཡོངས་ཀྱི་བསམ་བཀོད་གཅིག་རྒྱུན་མཐའ་འཁྱོངས་བྱེད་པ། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་རྒྱུན་འཁྱོངས་བྱེད་པ། འཆར་འགོད་ཁྲིམས་བཀོད་ཀྱི་རྩ་དོན་སོགས་རྒྱུན་འཁྱོངས་བྱེད་དགོས་པ་བཅས་འདུས། ང་ཚོས་ལམ་ལུགས་ཀྱི་གདེང་ཚོད་ཇེ་བརྟན་དུ་བཏང་ནས་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ་དགེ་མཚན་འདི་དར་རྒྱས་གོང་འཕེལ་གཏོང་དགོས།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པས། ཁྱོན་ཡོངས་ནས་གཏིང་ཟབ་པ་དང་ཡང་དག་གིས་ཁོང་དུ་ཆུད་པར་བྱེད་དགོས། ཁྱོན་ཡོངས་ནི་སྤྱི་ཡོངས་ཀྱི་མིག་རྒྱང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་བླངས་ནས། བཀོད་སྒྲིག་སོ་སོ་སྤྱི་ཡོངས་གཅིག་ལ་བཞག་ནས་དམ་འཛིན་བྱེད་པ་ལས་གཅིག་བཟུང་གཅིག་ཤོར་བྱེད་མི་རུང་། ཟབ་མོ་ཅེས་པ་ནི་འཐབ་ཇུས་བཀོད་སྒྲིག་གི་ཕྱིའི་རྣམ་པ་ཤེས་པ་མ་ཟད་དེའི་དོན་སྙིང་ལའང་གོ་བ་ཟབ་མོ་ལེན་དགོས་ཤིང་། ཅི་ཞིག་ཡིན་པ་ཤེས་དགོས་ལ། ཅིའི་ཕྱིར་ཡིན་པ་དང་ཇི་ལྟར་སྒྲུབ་དགོས་པ་ཡང་ཤེས་ནས། ངེས་པ་དོན་གྱིས་གོ་བ་ཟབ་མོ་ལེན་དགོས། ཡང་དག་ཅེས་པ་ནི་གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་ཀྱི་དབྱེ་མཚམས་དང་ཚད་གཞི་ཁོང་དུ་ཆུད་པར་བྱས་ཏེ། སྒྲུབ་དགོས་པའི་རིགས་ངེས་པར་དུ་སྒྲུབ་དགོས་པ་དང་། སྒྲུབ་ཐུབ་པའི་རིགས་ལ་འབད་བརྩོན་བྱེད་པ། སྒྲུབ་མི་འོས་པ་དག་གཏན་ནས་མི་སྒྲུབ་པ་དེ་ཡིན།

ཟླ1ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དུ་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།

   ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས། སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་གནས་ཡོད། ང་ཚོས་གནས་བབ་ལ་དབྱེ་ཞིབ་བྱེད་སྐབས་རྒྱུ་རྐྱེན་སྣ་ཚོགས་ལ་བསམ་བློ་ཆ་ཚང་གཏོང་དགོས་ལ། དེའི་ནང་གི་འགག་རྩའི་རྒྱུ་རྐྱེན་འགའ་ཤས་དཔེར་ན་རྒྱལ་སྤྱིའི་གནས་བབ་དང་། ཚན་རྩལ་གསར་བརྗེ། ཐོན་ལས་འཕོ་འགྱུར་བཅས་ཐད་ཀྱི་འགྱུར་ལྡོག་གསར་པ་ཤེས་རྟོགས་ཡོད་དགོས། སེམས་སུ་སྤྱི་ཡོངས་བཅངས་བ་དང་། མཐོ་ས་ནས་རྒྱང་ལ་ལྟ་བ། འཐབ་ཇུས་ཀྱི་སྟེང་དུ་གཏན་ཤུགས་རྒྱུན་འཁྱོངས་བྱ་དགོས་པ་དང་། འཐབ་རྩལ་ཐད་ཇུས་འགོད་ཞིབ་ཚགས་བྱས་ཏེ། རང་རྒྱལ་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་ཆད་མེད་པར་ཇེ་ཆེ་རུ་གཏོང་དགོས།

   ཞི་ཅིན་ཕིང་གིས་ནན་གྱི་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་ཐོན་ལས་མ་ལག་སྤྱི་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཡིན་པས། ས་ཁུལ་ཁག་དང་ལས་རིགས་ཁག་གིས་ངེས་གནས་གཏན་ཁེལ་ཡང་དག་བྱས་ནས། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་བྱས་ནས། སྟོད་སྨད་རྒྱུད་ཀྱི་ཐོན་ལས་ཕན་ཚུན་འབྲེལ་མཐུད་དང་། སོ་སོའི་བཟང་ཆ་འདོན་པ། ཕྱོགས་གཅིག་ཏུ་ཤུགས་འདོན་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་བྱ་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་སྲུང་འཛིན་བྱེད་པ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་ནི་མི་འབོར་མང་བ་དང་། ཁྲོམ་ར་རྒྱ་ཆེ་བ། ཐོན་ལས་ཆ་ཚང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་བས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་སྒྲིག་འཛུགས་བྱེད་པའི་ཆ་རྐྱེན་ལྡན་པས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་། འཛད་སྤྱོད་དང་དངུལ་གཏོང། དགོས་མཁོ་དང་མཁོ་སྤྲོད་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ།དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། དེ་མིན་དངོས་པོར་མ་དངུལ་གཏོང་བ་དང་མི་ལ་མ་དངུལ་གཏོང་བ་གཉིས་ཟུང་འབྲེལ་དམ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་གིས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་སྤུས་ཚད་དང་ལས་ཕྱོད་ཆེ་རུ་བཏང་སྟེ། ནང་མཁོ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱེད་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་བཏང་བར་བརྟེན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་གཏོང་བའི་རང་བདག་རང་བཞིན་མཐོར་འདེགས་གཏོང་དགོས་པ་དང་། རྒྱལ་སྤྱིའི་འཁོར་སྐྱོད་རྒྱ་བསྐྱེད་ལ་བརྟེན་ནས་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཕྱི་ནང་སྦྲེལ་མཐུད་དང་མཉམ་སྐུལ་མཉམ་སྤེལ་མངོན་འགྱུར་བྱ་དགོས།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་རམ་གཅིག་འདེགས་ཡིན་པས་ངེས་པར་དུ་མཐུན་སྦྱོར་མཉམ་སྐྱོད་བྱེད་དགོས། དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་དེ་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བརྩིས་ཏེ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཆབས་ཅིག་མི་དམངས་ཀྱི་འཚོ་བའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཏན་ཏིག་གིས་ཇེ་མཐོ་རུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་བྱས་ཏེ། ངེས་པ་དོན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས།

  ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ལུགས་ཀྱིས་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་དང་ས་གནས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་དང་ཆེད་དོན་འཆར་འགོད་སྒྲིག་རྩོམ་ཡག་པོ་བྱེད་དགོས། ས་གནས་ཀྱི་འཆར་འགོད་དང་ཆེད་དོན་འཆར་འགོད་གཉིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་འཆར་འགོད་དང་འབྲེལ་མཐུད་ཡག་པོ་བྱེད་དགོས་ལ། རྒྱལ་ཁབ་ཀྱི་སྤྱི་ཡོངས་འཆར་འགོད་དགོངས་དོན་དང་བླང་བྱ་མཚོན་པ་དང་ཆབས་ཅིག་ཏུ། ཡུལ་བབ་དང་བསྟུན་ནས། དགོས་མཁོ་དང་སྒྲུབ་ཐུབ་ཚོད་གཅིག་གྱུར་བྱས་ཏེ། གཏན་འཁེལ་བྱས་ཚེ་སྒྲུབ་ཐུབ་པ་དང་ཕན་འབྲས་ཐོན་ཐུབ་པར་འགན་སྲུང་བྱེད་དགོས་པ་བསྟན།

  ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དམིགས་འབེན་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱེད་པར་ཆ་མཚོན་ན། ངེས་པར་དུ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྩོན་ཞིབ་བྱས་ནས་ཆེད་ལས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་དངོས་སྒྲུབ་ཀྱི་འཇོན་ཐང་ཇེ་ཆེར་གཏོང་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པ། དོན་དངོས་གཞིར་འཛིན་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་སྒོས་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་། དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་སྐྱོང་བྱས་རྗེས་འཇོག་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་ཕོད་པ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། ཉེན་ཁ་དང་དཀའ་ངལ་སེལ་བ་དང་། འགག་སྒོ་ལས་ཐར་བར་མཁས་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། གོམ་པ་གང་ཡང་མཚམས་མི་འཇོག་ལ་གོམ་པ་ཕྱེད་ཀའང་ཕྱིར་བཤོལ་མི་བྱེད་པར། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

  ལི་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོར་འགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་ཟབ་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡིན་པས། ཆབ་སྲིད་རང་བཞིན་དང་། གཞུང་ལུགས་རང་བཞིན། དམིགས་གཏད་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པས། ཏང་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་ངོས་འཛིན་གཏིང་ཟབ་ཡོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སློབ་སྟོན་བྱེད་ཕྱོགས་དང་། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས་འཁྲུལ་མེད་ཁོང་དུ་ཆུད་པར་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་གཏོད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། ཉིང་བཅུད། ལག་བསྟར་ཕྱོགས་ཀྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་དོན་འཁྱོལ་བྱས་ཏེ་རང་རྟོགས་སྒོས་བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། སྦྱངས་པ་གོ་ཆོད་དང་ཤེས་སྤྱོད་གཅིག་གྱུར་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་དངོས་སྒྲུབ་ཀྱི་གྲུབ་འབྲས་སུ་བསྒྱུར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་གཏོང་དགོས་པ་བསྟན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས།

  ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་ཆེན་མོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་དང་། ཁེ་ལས། མཐོ་རིམ་སློབ་གྲྭ། བཅིངས་འགྲོལ་དམག་གི་ལས་ཁུངས་སོ་སོ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་བགྲོ་གླེང་འཛིན་གྲྭར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་བྱས།