​ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་ལ་དོན་རྐྱེན་བྱུང་བར་སི་ཕེན་གྱི་རྒྱལ་པོར་འཚམས་འདྲིའི་གློག་འཕྲིན་བཏང་། ལི་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
ཁུངས། ཀློག་གྲངས།

  ཟླ1ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་ལྕགས་ལམ་དང་བྲལ་ནས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་ཐད་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་རྒྱལ་ཐོག་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་།

  ཞི་ཅིན་ཕིང་གིས་བསྟན་དོན། སི་ཕེན་ལྷོ་རྒྱུད་ཀྱི་ཁོར་ཏུའོ་ཝ་ཞིང་ཆེན་དུ་སྟབས་མ་ལེགས་པར་མྱུར་བགྲོད་མེ་འཁོར་ལྕགས་ལམ་དང་བྲལ་བའི་དོན་རྐྱེན་བྱུང་སྟེ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན་ལ། རྨས་མ་སྔ་མོ་ནས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་ཡིན།

  ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།