ཞི་ཅིན་ཕིང་གིས་ཐུའུ་ཝ་ཏེ་ལཱ་མུ་མཐུད་དུ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་པར་རྟེན་འབྲེལ་གློག་འཕྲིན་སྤྲིངས། 
ཁུངས། ཀློག་གྲངས།

​    ཟླ་དང་པོའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་སི་ཐན-ཨ་ཨར་ཧྲང་རེ.ཐུའུ་ཝ་ཏི་ལཱར་རྟེན་འབྲེལ་གློག་འཕྲིན་སྤྲིངས་ཏེ། ཁོ་རང་མུ་མཐུད་དུ་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་དབུས་མའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས། 

 ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཨ་ཧྥེ་རི་ཁ་དབུས་མ་བར་གྱི་ཆབ་སྲིད་ཡིད་ཆེས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ལ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་བརྟན་པོའི་ངང་སྐུལ་འདེད་བཏང་། བདག་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབུས་མ་བར་གྱི་འབྲེལ་བ་ཇེ་བཟང་ཇེ་ཟབ་ཏུ་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད་ལ། སྲིད་འཛིན་ཐུའུ་ཝ་ཏི་ལཱ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་སྒོས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་སྐྲུན་འདོད་ཡོད།