ཆེད་སྒྲིག་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་མུ་འབྲེལ་འཆད་འཁྲིད》མི་འགྱངས་པར་གཏང་རྒྱུ་རེད།
ཁུངས། ཀློག་གྲངས།

   བསམ་བློའི་སྟོབས་ཤུགས་ཆེན་པོ་རྟོགས་ནས་ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྱོང་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འགོ་ཁྲིད་གནང་པའི་ལག་ལེན་རླབས་ཆེན་ཁྲོད། གསར་གཏོད་རང་བཞིན་གྱི་སྒོ་ནས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་སྲུང་བྱ་དང་འགུལ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཁྲིད་སྟོན་གནང་ཡོད། 

 ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་པའི་གཞུང་སྒྲུབ་ཁང་། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་བཅས་དང་མཉམ་དུ་མཉམ་འབྲེལ་སྒོས་ལེའུ་བརྒྱད་ཅན་གྱི་ཆེད་སྒྲིག་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་མུ་འབྲེལ་འཆད་འཁྲིད》བཏོན། ལེ་ཚན་ནང་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་དམིགས་ཏེ། “དུས་རབས་ཀྱི་བརྗོད་གཞི”དང་། “དགོངས་པའི་སྣེ་ཁྲིད”“ཁྲིམས་ཀྱིས་གནམ་འོག་བདེ་ལ་བཀོད་པ”བཅས་ཀྱི་པར་གཞི་གསུམ་བཟོས་ནས། རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་ཆེད་མཁས་པ། མཁས་དབང་བཅས་འཆད་ཁྲིད་སྐུ་མགྲོན་གདན་ཞུ་བྱས་པ་དང་། གཞི་རིམ་གྱི་གསར་གཏོད་ལག་ལེན་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་གསལ་འགྲེལ་གཏིང་ཟབ་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་བྱས་ནས། དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་མོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་ཟབ་མོ་ཞིག་བསྐྲུན།

  ལེ་ཚན་དེ2026ལོའི་ཟླ1པའི་ཚེས21ཉིན་ནས་བཟུང་། ཉིན་རེའི་དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ་ནས་ཐོག་མར་གཏང་རྒྱུ་ཡིན་པ་དང་། སྤྱི་ཚོགས་དང་བཅའ་ཁྲིམས་འཕྲིན་ལམ་ནས་ཕྱི་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་པའི་སྟེང་བསྐྱར་གཏོང་བྱེད་རྒྱུ་ཡིན་པ་མ་ཟད། ཀྲུང་དབྱང་གསར་འགྱུར་དང་ཀྲུང་དབྱང་བརྙན་ལམ། ཀྲུང་དབྱང་བརྙན་འཕྲིན་དྲ་བ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུ་ལས་དུས་མཉམ་དུ་གཏང་རྒྱུ་རེད།