ཝང་ཧུའུ་ཉིང་གིས་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་།
ཁུངས། ཀློག་གྲངས།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས20ཉིན་པེ་ཅིང་དུ་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ས་ཏི་ཁེ་ལ་མཇལ་འཕྲད་གནང་།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས20ཉིན་པེ་ཅིང་དུ་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ས་ཏི་ཁེ་ལ་མཇལ་འཕྲད་གནང་།

  ཝང་ཧུའུ་ཉིང་གིས་བསྟན་དོན། 2025ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཀྲ་ཨར་ཏ་ལི་དང་ཙུང་ལི་ཞ་པ་ཙི་གཉིས་སོ་སོར་མཇལ་འཕྲད་གནང་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཐབ་ཇུས་ཀྱི་མཛུབ་ཁྲིད་གསར་པ་གནང་ཡོད། 2026ལོ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་དགོངས་པ་གཅིག་མཐུན་གལ་ཆེན་དེ་དོན་འཁྱོལ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་པ་དང་ཏན་ཏིག་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་སྔར་ལས་དམ་ཟབ་ཡིན་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་འདོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་འདིའི་ཐད་བྱས་རྗེས་ཧུར་ཐག་འབུལ་འདོད་ཡོད།

  ས་ཏི་ཁེ་ཡིས་བསྟན་དོན། ཕ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱིན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་། དཔལ་འབྱོར་ཉོ་ཚོང་། མི་སྣ་གསོ་སྦྱོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅིང་། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་། རྣམ་གྲངས། ལས་ཁུངས་བཅས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་རྒྱུ་ཡིན། ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གིས་ཕ་ཁི་སི་ཐན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་ཇེ་ལེགས་སུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད།

  ཝང་ཏུང་ཧྥུང་སོགས་མཇལ་འཕྲད་ལ་ཞུགས།