ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཤིང་། བྱ་བར་སྤྱི་སྡོམ་བྱས་པ་དང་། གནས་བབ་ལ་དབྱེ་ཞིབ་བྱས་ནས། 2026ལོའི་ལས་འགན་ལ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསམ་བློའི་ལངས་ཕྱོགས་གསལ་བོ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱེད་པ། དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་བ་དང་། རིག་གནས་ཀྱིས་སྟོབས་ནུས་སྩོལ་བར་སྐུལ་འདེད་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་ཚད་མཐའ་བརྟན་སྲུང་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་བསམ་བློའི་འགན་སྲུང་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་དྲག་པོ། རིག་གནས་ཀྱི་ཆ་རྐྱེན་ནུས་ལྡན་བཅས་འདོན་སྤྲོད་བྱེད་དགོས། ནུས་ཤུགས་ཡོད་རྒུས་རིག་གནས་ལྔ་སྐྱེད་སྲིང་དར་སྤེལ་གཏོང་བ་དང་། འགྲེལ་བཤད་དྲིལ་སྒྲོག་ལ་ཤུགས་བསྣན་ནས། ཞིབ་འཇུག་གྲུབ་འབྲས་དང་རིག་རྩལ་བརྩམས་ཆོས། བཅར་འདྲི་གསར་འགོད། བརྗོད་དོན་བྱ་འགུལ། རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྐོར་ཞིག་བཅས་མཁོ་སྤྲོད་བྱེད་དགོས། གཙོ་རྒྱུན་སྨྱན་བྱད་ཀྱི་མ་ལག་རང་བཞིན་གྱི་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། རིག་གནས་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དམ་འཛིན་ལེགས་པོ་བྱེད་དགོས། བློ་སྒྲིལ་སེམས་སྐྱེད་དང་། སྨྱན་སྦྱོར་སྒྲོག་སྤེལ། བསམ་བློ་ཆབ་སྲིད་ཀྱིས་མི་སྣ་གསོ་སྐྱོང་། སེམས་མཐུན་མཉམ་སྐྲུན། དཔལ་ཡོན་མཐོར་འདེགས། རིག་གནས་ཀྱི་སྲོག་རྩ་རྒྱུན་འཛིན། རིག་གནས་ཡུལ་སྐོར་མཉམ་འདྲེས། སྤྱོད་གཙང་སྲོལ་བཟང་།  བདེ་འཇགས་སྲུང་སྐྱོང་། རིག་གནས་རྨང་གཞི་སྲ་བརྟན་བཅས་ཀྱི་ལས་གཞི་ཆེན་མོ་བཅུ་བསྟུད་མར་ལག་བསྟར་བྱེད་དགོས། རང་འགུལ་འགན་སྒྲུབ་རྒྱུན་འཁྱོངས་དང་། གཙོ་གནད་དཀའ་གནད་འབུར་དུ་ཐོན་པར་བྱེད་པ། དཔལ་འབྱོར་དྲིལ་སྒྲོག་དང་གླེང་ཕྱོགས་ལ་ཁ་གཏད་འཇལ་བའི་བྱེད་ཕྱོགས་ལ་ཤུགས་སྣོན་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱེད་པ་དང་། སེམས་ཞིབ་མོས་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་ཇུས་འགོད་རྩ་འཛུགས་བྱེད་པ། རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་པའི་འཆར་འགོད་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཡུལ་སྲོལ་བཟང་པོ་འཛུགས་སྐྱོང་ལེགས་པོ་བྱེད་པ། རྒྱལ་སྤྱིའི་སྒྲོག་སྤེལ་དང་ཕྱི་ཕྱོགས་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིག་གནས་ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་རིམ་ལྡན་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བསམ་བློ་རིག་གནས་དྲིལ་སྒྲོག་གི་བྱ་བའི་སྤུས་ཀ་ཇེ་ལེགས་དང་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བ། སྲོལ་གསར་ཁྱབ་སྤེལ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་། མཚོ་བྱང་ཁུལ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་དཔེ་སྐྲུན་སྨྱན་བྱད་སྡེ་ཚོགས། ན་གོར་མོ་གྲོང་ཁྱེར། རྟ་ཐང་རྫོང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ལྷ་མོ་འཚོས་བསྒྱུར།