གསར་དར་ལ་ཕྱོགས་ཏེ་ཀྲུང་གོའི་དཔལ་འབྱོར་མདུན་དུ་སྐྱོད་བཞིན་ཡོད།
ཁུངས། ཀློག་གྲངས།

2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྡུ་བའི་ལོ་ཡིན། ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་བཞི་ལས་བརྒལ་ནས། ཀྲུང་གོའི་དཔལ་འབྱོར་ལ་ཐོལ་བརྒལ་དང་སྤུས་ལེགས་མངོན་འགྱུར་བྱུང་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་འགྱུར་ལྡོག་ལས་བྱུང་བའི་འགྲན་སློང་གི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བརྟན་བརླིང་བབ་བསྟུན་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་གྲུ་གཟིངས་ཀྱི་ཁ་ལོ་བསྒྱུར་ཏེ་རླབས་གཤག་མདུན་སྐྱོད་བྱས་ནས། དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཏེ་རྒྱུན་ཆད་མེད་པར་གསར་ཕྱོགས་ལེགས་ཕྱོགས་སུ་བསྐྱོད་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ཡོད།

རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་འཁྱོག་ཐིག་དེ་ནི་ཀྲུང་གོའི་དཔལ་འབྱོར་གྱི་ལོ་ལྔའི་ནང་གི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རེད། ལོ་ལྔའི་རིང་། ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་བསྟུད་མར་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་གཅིག སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་གཉིས། སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་གསུམ་བཅས་བརྒལ་ཏེ། 2025ལོར་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་བཞི་ཡི་སྐས་རིམ་གསར་པར་སླེབས་ཡོད།

ལོ་ལྔའི་རིང་གི་དཔལ་འབྱོར་འཕར་ཚད་སྒོར་རབ་བཀྲམ་གསུམ་དང་ཁྲག་ཆེན་དྲུག་ལས་བརྒལ་ཏེ། ཀྲུང་གོའི་དཔལ་འབྱོར་ཐད་གྲངས་ཀའི་ཐོལ་བརྒལ་དང་སྤུས་ཚད་མཐོར་འདེགས་མངོན་འགྱུར་བྱུང་། ལོ་རེར་འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བཞི་ལ་སླེབས། ལོ་ཧྲིལ་པོའི་གློག་སྤྱོད་ཚད་ཆུ་ཚོད་སྟོང་ཝ་ཁྲག་ཆེན་གཅིག་ལས་བརྒལ་ནས། འཛམ་གླིང་བསྐྱར་སྐྱེས་ནུས་ཁུངས་མ་ལག་ཆེ་ཤོས་བསྐྲུན། རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་གཉིས་ཀ་བྱེ་བ་གསུམ་ས་ཡ་བཞི་ལས་བརྒལ་ནས། བསྟུད་མར་ལོ17རིང་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་པ་དང་། ཐོན་ལས་མུ་ཕྲེང་བརྒྱ་ལྷག་ཐུན་མོང་ཐོག་འཕར་རྒྱུར་སྐུལ་ཁྲིད་བྱས། འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཤིང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར2025ལོར་ཐོག་མར་སྒོར་རབ་བཀྲམ་ལྔ་ལས་བརྒལ། དངོས་ཟོག་ཉོ་འཚོང་སྔོན་དཔག་ལྟར་ན་ལོ་དགུ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་གནས་ཡོད།

ལོ་ལྔའི་རིང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཕུང་གཙོ་བོ་ལས་མཐོ་ཞིང་། འཛམ་གླིང་གི་དཔལ་འབྱོར་འཕར་བར་བྱས་རྗེས་བཞག་ཚད་ཐོག་མཐའ་བར་གསུམ་དུ30%ཡས་མས་སུ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་དཔལ་འབྱོར་གྱི“བརྟན་སྲུང་བའི”འགན་རྒྱུན་མཐུད་ངང་འཁུར་བཞིན་ཡོད། ལྟས་ཚོད་ཀྱིས་རྒྱུན་ལྡན་ཡིན་ཡང་ཆེས་ངོ་མཚར་ཆེ་ཞིང་། འགྲུབ་སླ་ཡང་དཀའ་ཚེགས་ཆེ།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ནང་། ཀྲུང་གོའི་དཔལ་འབྱོར་འགྲན་སློང་དང་ཉེན་ཁ་གསར་པ་འཕྲད་ཅིང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་སྤྱིར་བཏང་མིན་པ་རེད། རྒྱལ་སྤྱིའི་ཆ་ནས་བལྟས་ན། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་ཅིང་། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལ་འགྱུར་ལྡོག་བྱུང་ནས། སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་སྒོས་ཐོལ་བརྒལ་བྱུང་ཡོད། རྒྱལ་ནང་གི་བཅོས་བསྒྱུར་གོང་སྤེལ་བརྟན་ལྷིང་གསུམ་གྱི་ལས་འགན་ལྕི། གནད་འགག་གི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་མིག་རྒྱང་དང་། ཁྱོན་ཡོངས་དམ་འཛིན་གྱི་འཐབ་ཇུས་བློ་གྲོས། འགྱུར་མེད་ཀྱི་འཐབ་ཇུས་ངེས་ཤུགས་བཅས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་ལ་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ཐེངས་རེ་རེ་བཞིན་ཉམས་སད་གལ་ཆེན་ལས་རྣམ་པར་རྒྱལ་ནས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་། རྒྱུན་ཆད་མེད་པར་རིམ་པ་འཕར་བའི་ཕྱི་རོལ་གྱི་གནོན་ཤུགས་དང་བཀག་སྡོམ་ལ་ཁ་གཏད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་དང་། ནང་མཁོས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་འཛུགས་སྐྲུན།  རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས། སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་དུ་ཁོང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ཡག་པོ་བྱེད་དགོས་པ་བསྟན། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཐོན་པའི་གནས་ཚུལ་དང་གནད་དོན་གསར་པར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་ཐག་ཆོད་པས་འཕར་སྣོན་སྲིད་ཇུས་རབ་དང་རིམ་པ་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ། ནུས་ལྡན་གྱིས་སྤྱི་ཁོག་སྙོམས་སྒྲིག་དང་། ཀྲུང་གོའི་དཔལ་འབྱོར་གྲུ་གཟིངས་ཀྱི་མདུན་སྐྱོད་ལམ་ཕྱོགས་ལ་གནད་འཁེལ་ལེགས་སྒྲིག་གནང་། 

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ལིན་ཧྲན་གྱིས་བཤད་རྒྱུར།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གནད་འཁེལ་དམ་འཛིན་བྱས་ཏེ། ང་ཚོའི་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་བསམ་བློའི་ངོས་འཛིན་དང་བྱ་བའི་བྱེད་ཐབས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་བཏང་ནས། ཀྲུང་གོའི་དཔལ་འབྱོར་ལ་སྤུས་ཚད་ཀྱི་འགྱུར་ལྡོག་དང་། ལས་ཆོད་ཀྱི་འགྱུར་ལྡོག སྒུལ་ཤུགས་ཀྱི་འགྱུར་ལྡོག་བཅས་ཡོང་བར་སྐུལ་འདེད་བཏང་། ཀྲུང་གོའི་དཔལ་འབྱོར་ལ་མཆོང་སྐྱོད་གསར་པ་བྱུང་བ་ལས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་ལོ་སྒྱུར་བའི་ཁྱད་དུ་འཕགས་པའི་བློ་གྲོས་དང་ཀྲུང་གོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཁྱད་དུ་འཕགས་པའི་ནུས་པ་ལྡན་པས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་བྱས་ཡོད་ཟེར། 

གནོན་ཤུགས་ཐེག་ནས་མདུན་དུ་སྐྱོད། དཀའ་བར་མི་འཛེམ་གདོང་གིས་བསུ། 2025ལོའི་ཀྲུང་གོའི་དཔལ་འབྱོར་གྱི་རྒྱུགས་ལན་ནི་ཧ་ཅང་རྩ་ཆེན་ཡིན་ཞིང་། གྲངས་འབོར་རབ་བཀྲམ་གཅིག་དང་རབ་བཀྲམ་བཞི་ཡི་རྒྱབ་ཏུ་གསར་དར་ཕྱོགས་སུ་འཕེལ་བའི་ལན་བྲིས་ཡོད།   འདས་པའི་ལོ་ལྔའི་རིང་། རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་དེ2021ལོའི་སྒོར་ཁྲག་ཆེན་གཉིས་དང་ཁྲག་ཁྲིག་བརྒྱད་ནས2025ལོའི་སྒོར་ཁྲག་ཆེན་གསུམ་དང་ཁྲག་ཁྲིག་དགུ་ཡི་བར་འཕར་ཏེ་བསྟུད་མར་ལོ་མང་བོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་ཀྱིས10%འཕར་ཡོད། གསར་གཏོད་དེ་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་ནུས་ཆེའི་ཉིང་ལེབ་དང་བཀོལ་སྤྱོད་མ་ལག་ཡོད་པ་དང་། ནུས་ལྡན་གསར་གཏོད་ཀྱི་ཆེད་ཁེ་གྲངས་འབོར་ས་ཡ་ལྔ་ལས་བརྒལ་ཡོད། 

ཀུན་སྤྱོད་དཔེ་དབྱིབས་ཆེན་པོ་མང་པོ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ཉིང་གློག་དང་། མྱུར་བགྲོད་ལྕགས་ལམ། གྲུ་གཟིངས། རྒྱ་མཚོའི་བཟོ་སྐྲུན་སོགས་ཀྱི་སྒྲིག་ཆས་ལ་ཐོལ་བརྒལ་གསར་པ་བྱུང་བ་དང་། མི་ཐབས་རིག་ནུས་དང་། ཚད་རྡུལ་ཚན་རྩལ། མི་སྡོད་མཁའ་སྐྱོད། མཁའ་དབྱིངས་འཚོལ་ཞིབ་སོགས་ཀྱི་ཁྱབ་ཁོངས་སུ་འཛམ་གླིང་གི“ཐེངས་དང་པོ”དང“ཨང་དང་པོ”མང་པོ་གསར་གཏོད་བྱས་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་གྲུབ་དེ། རང་རྒྱལ་འདི་ཉིད་འཛམ་གླིང་གི་གསར་གཏོད་ནུས་པ་འཕར་ཚད་ཆེས་མགྱོགས་པའི་དཔལ་འབྱོར་སྡེ་གཞི་གྲས་ཀྱི་གཅིག་ཏུ་གྱུར་ཡོད།

གྲུ་ཁ་ཞིག་གིས་ཀྲུང་གོའི་ཐོན་ལས་གྲུབ་ཚུལ་གྱི་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད།

ཀྲུང་དབྱང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀའོ་ཡོན་གྱིས་བཤད་རྒྱུར། འདི་ནི་ཧྲིན་ཀྲིན་གྱི་ཡན་ཐེན་གྲུ་ཁ་ཡིན་ལ། ངའི་རྒྱབ་ཏུ་གྲུ་གཟིངས18ཀྱིས་ལས་ཀ་བྱེད་བཞིན་ཡོད་པ་དེའི་ནང་གྲུ་གཟིངས5ནི་རིང་ཚད་སྨི400ཡོད་པའི་དོས་སྒམ་གྲུ་གཟིངས་ཆེ་གྲས་ཡིན་པ་རེད། ད་ལྟ་ཆ་སྙོམས་ཟླ་རེར་དོས་སྒམ་གྲུ་གཟིངས་ཆེ་གྲས60ཡན་ཡན་ཐེན་གྲུ་ཁར་བསྡད་ཡོད།

གྲུ་གཟིངས་ཆེན་པོ་ཞིག་གི་ནང་ནུས་ཁུངས་གསར་པའི་ཐོན་རྫས་དང་། རིག་ནུས་ཁྱིམ་ཆས། འཕྲུལ་མི་སོགས་ཚན་རྩལ་མཐོ་བའི་ཐོན་རྫས་བརྩིགས་ནས་རྒྱང་རིང་ཡུལ་དུ་བསྐྱོད་གིན་ཡོད། 2025ལོར། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཐོན་ལས་གསར་པ་ནས་ལྗང་མདོག་ཏུ་འགྱུར་བ་དང་། “ཐོན་རྫས་གསར་པ་གསུམ”ཕྱིར་གཏོང་སྐུལ་ཁྲིད་བྱས་ཚད27.1%འཕར་ཡོད་པ་དང་། བཟོ་ལས་འཕྲུལ་མི་ཕྱིར་གཏོང་བྱས་ཚད48.7%འཕར་ཏེ། རང་རྒྱལ་ནི་བཟོ་ལས་འཕྲུལ་མི་ཕྱིར་གཏོང་རྐྱང་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། རང་རྒྱལ་གྱིས་རིམ་རྩིས་བྱས་ན་གསར་དར་ཐོན་ལས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས60ལྷག་ཙམ་སྐྱེད་སྲིང་བྱས་ནས་གྲུབ་པ་དང་། སྐུལ་འོད་བཟོ་སྐྲུན་ལག་རྩལ་གྱི་སྤྱིའི་ཆུ་ཚད་དེ་རྒྱལ་སྤྱིའི་སྐས་རིམ་དང་པོའི་གྲས་སུ་སླེབས་པ་དང་འཕྲུལ་མི་ལ་འགག་རྩའི་ཉིང་ལེབ་དང་ལྷུ་ལག་ནས་འཕྲུལ་འཁོར་ཧྲིལ་པོའི་བར་གྱི་ཐོན་ལས་མུ་ཕྲེང་ཧྲིལ་པོའི་བཟོ་སྐྲུན་ནུས་པ་ལྡན་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྔོན་དཔག་བྱས་ན་སྒོར་ཁྲག་ཆེན་བརྒྱད་ལ་སླེབས་ནས། འཛམ་གླིང་གི་བཟོ་སྐྲུན་ལས་རིགས་འཕར་རྒྱུར་བྱས་རྗེས་བཞག་ཚད30%ལས་བརྒལ་ཡོད། བཟོ་ལས་ཁེ་ལས570ལྷག་འཛམ་གླིང་གི་ཞིབ་འཇུག་གསར་སྤེལ་དངུལ་གཏོང་སྟོབས་ཅན2500གྲས་སུ་ཚུད་ཡོད། 

 རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་པ་ཀེ་ཨོ་འར་ཅི་ཡེ་ཝ་ཡིས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་ཞིབ་བྱེད་བཞིན་ཡོད་ལ། ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཆ་ལྡན་པས། ང་ཚོས་ཀྲུང་གོ་ནས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་གོ་སྐབས་ཆེན་པོ་མཐོང་བ་དང་། ཀྲུང་གོ་འདི་ཉིད་གསར་གཏོད་རྨང་གཞིར་བྱེད་པའི་དཔལ་འབྱོར་དངོས་ཚན་ཞིག་ཏུ་འགྱུར་བཞིན་ཡོད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞི》ལས་མ་འོངས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་གཞི་གསར་པ་བཀོད་ཡོད། འགོ་རྩོམ་པའི་ལོ་འདིར། སྔར་ལས་དགེ་མཚན་ལྡན་ཞིང་ནུས་པ་ལྡན་པའི་སྤྱི་ཁོག་སྲིད་ཇུས་རབ་དང་རིམ་པ་སྔ་གཞུག་ཏུ་བཏོན་ནས། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་མོ་འདིས་སྔར་ལས་སྲ་ཞིང་བརྟན་པའི་གཞི་གདན་དང། སྔར་ལས་ཆེ་བའི་སྟོབས་དང་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་ལམ་བརྒྱུད་ནས་རླབས་གཤག་མདུན་དུ་སྐྱོད་བཞིན་ཡོད།