
ཚེས21ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ2025ལོའི་ལོ་འཁོར་གྱི་སྤྱི་ཁོག་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་སྒྲིག་འཛུགས་ཞིབ་ཚགས་དང་། ཆེད་དོན་ཞིབ་འཇུག་ཡག་པོ། དཔལ་འབྱོར་ཁྱབ་ཁོངས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་བཅས་བྱ་དགོས་ལ། ལོ་ཧྲིལ་པོའི་དཔལ་འབྱོར་བྱ་བའི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ནས་གྲོས་མོལ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་སྲིད་གླེང་ཇུས་འདོན་གྱི་གྲུབ་འབྲས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུ་དང་གོམ་སྟབས་ཡག་པོ་ཞིག་སྤོ་རྒྱུར་ཞབས་འདེགས་ཞུ་དགོས། ཏང་དང་སྲིད་གཞུང་ལ་སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་གསལ་འགྲེལ། སྔོན་དཔག་བརྟན་འཇགས། ཡིད་ཆེས་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གིས་དཔལ་འབྱོར་གྱི་གནས་བབ་དང་འཕེལ་རྒྱས་ཀྱི་གནས་བབ་ལ་ཕྱོགས་ཡོངས་ནས་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་ཁག་ཅིག་གིས་མི་ཐབས་རིག་ནུས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་འཛིན་པ། ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲོས་མོལ་དང་གྲོས་འགོ་འདོན་དགོས་ཞེས་གསུངས། ཚང་མས་བལྟས་ན2025ལོར། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་གནོན་ཐེག་མདུན་སྐྱོད་དང་། གསར་གཏོད་ལེགས་སྤེལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་འདོད་ན། རྩ་བའི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་གཅིག་སྡུད་སྣེ་ཁྲིད་ལ་རག་ལས་ཡོད་ཅིང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས་ཟེར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོར་ཉན་པ་དང་། སྲིད་གྲོས་ཨུ་ཡོན་དང་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱས།