
ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《(2023—2035ལོའི)དེང་རབས་ཅན་གྱི་རྒྱལ་སའི་གྲོང་ཚོམས་ཀྱི་བར་སྟོང་མཐུན་སྦྱོར་འཆར་འགོད》ལ་མཆན་འགོད་བཀའ་ལན་གནང་ནས་མོས་མཐུན་བྱུང་།
《མཆན་བཀོད་བཀའ་ལན》ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་འོག་ཏུ། ཕྱོགས་སོ་སོས་སེམས་ཤུགས་གཅིག་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱས་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དང་གཡུར་དུ་ཟ་བ་བླངས། 《འཆར་འགོད》བཟོ་འགོད་དང་ལག་བསྟར་བྱས་པ་དེས་རྒྱལ་སའི་བྱེད་ནུས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཁུལ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གཏོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
《མཆན་བཀོད་བཀའ་ལན》ནང་ནན་གྱིས་བསྟན་དོན། 《འཆར་འགོད》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིང་དང་ཐེན་ཅིན། ཧི་པེ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་དང་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་དང་ས་གནས་མཉམ་འགུལ་དང་ས་ཁུལ་གསུམ་གྱི་མཐུན་སྦྱོར་རྒྱུན་འཁྱོངས། བཅོས་བསྒྱུར་ཟབ་སྤེལ་དང་སྤྱི་ཁོག་བཀོད་པ་རྒྱུན་འཁྱོངས། སྒྲིག་མང་གཅིག་བསྡུས་དང་མཉམ་དུ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། བྱེད་པོའི་བྱེད་ནུས་མངོན་གསལ་དོད་པ་དང་དགེ་མཚན་གསབ་རེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་སའི་བར་སྟོང་མ་ལག་འཛུགས་རྒྱུ་འཚོལ་ཞིབ་བྱས་ཡོད།
《མཆན་བཀོད་བཀའ་ལན》ནང་། རྒྱལ་སའི་བྱེད་ནུས་ལ་སྔར་ལས་ལྷག་པས་ཞབས་འདེགས་དང་འགན་སྲུང་བྱེད་དགོས། རྒྱལ་སའི་བྱེད་ནུས་ཁུལ་ཁོངས་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་བར་དམིགས་ནས། ཁ་འགྲེམས་དང་མཐོར་འདེགས། གསོན་ཤུགས་དང་སྒྲིག་ལམ། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཁུལ་ཁོངས་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་དང་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་དགོས། རྒྱལ་ས་ལྟེ་བར་འཛིན་པའི་འཛམ་གླིང་གི་གྲོང་ཚོམས་རྩེ་གྲ་དང་སྔོན་བསྟར་དཔེ་སྟོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་ལེགས་ཤོས་འཛུགས་སྐྲུན་བྱས་ཏེ། པེ་ཅིང་དང་ཐེན་ཅིན། ཧི་པེ་གསུམ་གྱི་འཛམ་གླིང་གི་གྲོང་ཁྱེར་ཁྱུ་ཚོགས་རྩེ་གྲ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་བྱ་དགོས་པའི་བླང་བྱ་བཏོན་ཡོད། 《མཆན་བཀོད་བཀའ་ལན》ནང་། པེ་ཅིང་དང་ཐེན་ཅིན། ཧི་པེ་གསུམ་གྱི་གྲོང་ཁྱེར་མ་ལག་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་གཏོང་དགོས། “ལྟེ་གཅིག་དང་ས་ཁུལ་གཉིས། གྲོང་གཉིས་གནས་མང་། ཁྱམས་གཉིས་སྐོར་མང”བཅས་ཀྱི་རྒྱལ་སའི་གྲོང་ཚོམས་ཀྱི་བར་སྟོང་འཛུགས་དགོས། པེ་ཅིང་གི“ལྟེ་བ་གཅིག”གི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཧི་པེའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པ་དང་། པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པ་དེ་རྒྱལ་སའི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པར་བསྒྱུར་ཏེ། སྤུས་ཚད་མཐོན་པོས་པེ་ཅིང་དང་ཐེན་ཅིན་གྱི“གྲོང་ཁྱེར་གཉིས་ཀྱི་ཟིན་ཐོ”བྲིས་ནས། ཧི་པེའི་མཚམས་ཚིགས་གྲོང་ཁྱེར་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།
《མཆན་བཀོད་བཀའ་ལན》ནང་། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་པ་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། “ཁྱམས་གཉིས་གནས་བཞི”ཡི་ཐོན་ལས་མཐུན་སྦྱོར་གསར་གཏོད་རྣམ་པ་བཙུགས་ཏེ། འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་པེ་ཅིང་དང་ཐེན་ཅིན། ཧི་པེ་གསུམ་གྱི་རྒྱལ་སྤྱིའི་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཚོགས་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། རྒྱལ་སའི་བདེ་འཇགས་འགན་ལེན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྲ་ཞིང་བརྟན་པའི་བར་སྟོང་བཀོད་པ་མཐུན་སྦྱོར་ངང་འཛུགས་དགོས། “ཆུས་གསུམ་ཐིག་གསུམ”རྨང་གཞི་ཡིན་པའི་རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་གནས་སྟངས་ལག་བསྟར་གཏིང་ཟབ་བྱེད་དགོས། ས་ཁོངས་ཀྱི་སྤུས་ལེགས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་ལུགས་མཐུན་ལེགས་སྒྱུར་བྱ་དགོས། ཤུལ་བཞག་རིག་གནས་དང་རང་བྱུང་ཤུལ་ནོར་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད་ལེགས་པོ་བྱས་ནས། ཚོང་ལས་ཡུལ་སྐོར་རིག་གནས་དང་ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། 《མཆན་བཀོད་བཀའ་ལན》ནང་ནན་གྱིས་བསྟན་དོན། རྒྱལ་སའི་གྲོང་ཁྱེར་ཚོམས་ཀྱི་ཚོམས་རིམ་གྲུབ་ཚུལ་ཇེ་ལེགས་སུ་གཏོང་དགོས། པེ་ཅིང་དང་ཐེན་ཅིན། ཅིང་ཞུང་བཅས་བར་ཁྱམས་བསྐྲུན་ནས། པེ་ཅིང་བདེ་ཐང་གྲོང་གསར་དང་པེ་ཅིང་སྐྱེ་ཁམས་གསོ་སྐྱོང་ཁུལ། ལས་སྒྲུབ་འཁོར་རྒྱ། ནུས་པའི་འཁོར་རྒྱ། ཐོན་ལས་མཐུན་སྦྱོར་ཁུལ་བཅས་སྐས་རིམ་བཞིན་བཀོད་སྒྲིག་བྱེད་དགོས།
《མཆན་བཀོད་བཀའ་ལན》ནང《འཆར་འགོད》ལག་བསྟར་སྒྲིག་འཛུགས་བྱེད་དགོས་པ་དང་། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། པེ་ཅིང་གྲོང་ཁྱེར་གྱིས་སྣེ་ཁྲིད་དེ་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས《འཆར་འགོད》སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་གཞིར་བཟུང་སྟེ། མཛུབ་སྟོན་དང་རྒྱབ་སྐྱོར་ལ་ཤུགས་སྣོན་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས། 《འཆར་འགོད》ཀྱི་དམིགས་འབེན་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།