ཝང་ཧུའུ་ཉིང་གིས་ཨུ་རུ་སུའི་རང་དབང་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར། ཀློག་གྲངས།

ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཨུ་རུ་སུའི་རང་དབང་དམངས་གཙོ་ཏང་གི་ཀྲུའུ་ཞི་སི་ལུའུ་ཚི་ཅི་ཡིས་སྣེ་ཁྲིད་པའི་ཨུ་རུ་སུའི་རང་དབང་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པ་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་རྣམ་གཉིས་ཀྱི་སྣེ་ཁྲིད་འོག་ཏུ། དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་བ་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་འདོད་ཡོད། འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་བྱེད་ཚད་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ། ཏང་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ་བཅས་བྱས་ནས། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་རྒྱུ་ཡིན།

སི་ལུའུ་ཚི་ཅི་ཡིས་ཨུ་རུ་སུའི་རང་དབང་དམངས་གཙོ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འགྲོ་འོང་ཇེ་མང་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་འདོད་ཡོད། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱེད་པ་དང་།  ཨུ་ཀྲུང་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་ལྡན་རྒྱལ་ཁབ་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཨུ་ཀྲུང་གི་སྲོལ་རྒྱུན་མཛའ་མཐུན་སྲ་བརྟན་དུ་གཏོང་བ། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན།

ཧྲེན་ཡོའུ་ཡོའུ་དང་ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།